དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་སྲང་ལམ་ཆེ་ཆུང་ཚང་མར་བཅོས་སྒྲིག་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ནི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་ལམ་ངོས་ཀྱི་དྲེག་པ་གཙང་སེལ་བྱེད་བཞིན་པ།

    ལྷ་ས་གྲོང་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་གཙང་སྦྲ་དོད་པ་དང་། སྐྱིད་སྣང་དོད་པ། གྲལ་ལྟར་འགྲིག་པ་བཅས་ཀྱི་གྲོང་ཁྱེར་གྱི་རྣམ་པ་གཏོད་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་། ཁྲོམ་ར་ལྟ་འདོམས་སྡེ་ཚན། ཉེན་རྟོག་ཞབས་ཞུའི་ས་ཚིགས། གྲོང་ཁྱེར་དོ་དམ། ཁོར་ཡུག་སྲུང་སྐྱོང་། སྡེ་ཁུལ་སོགས་བཅའ་སྡོད་བྱ་ཡུལ་ཚན་པ་དང་མཉམ་དུ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་དམིགས་ཏེ། ཏང་ཡོན་གྱི“ཐོ་འགོད་གཉིས”དང་དེ་བཞིན་ཁྲོམ་གཞུང་གིས་བརྡ་གཏོང་བ་དང་སྡེ་ཚན་དུ་འབྱོར་ཐོ་འགོད་པའི་ལས་ཀའི་བླང་བྱ་ལྟར། ས་གནས་ས་ཐོག་ཏུ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་ཁོར་ཡུག་འཕྲོད་བསྟེན་ལ་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་གཅིག་སྡུད་དུ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་བཅོས་སྒྲིག་བྱས་པའི་གྲས་སུ་ལམ་ངོས་འགྲིམ་འགྲུལ་དང་། ཚོང་ཁང་ཕྱིའི་ཚོང་སྒྲོམ། ཉི་གཡབ། ལམ་བཟུང་ཚོང་གཉེར། འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པ་སོགས་ཀྱི་གནད་དོན་ཚུད་ཡོད། བཅོས་སྒྲིག་བྱེད་རིང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་གྲོང་ཤར་རུ་ཆེན་དང་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་རླངས་འཁོར་གང་བྱུང་དུ་འཇོག་པ་དང་འགྲོ་ལམ་དུ་གང་བྱུང་དུ་ཅ་དངོས་འཚོང་བ་སོགས་ཀྱི་སྣང་ཚུལ་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་པ་དང་། ཀརྨ་དགོན་གསར་ཁྲོམ་གཞུང་ཁྲོམ་ར་ལྟ་འདོམས་སུའོ་དང་ཀརྨ་དགོན་གསར་ཁྲོམ་གཞུང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱིས་འགྲོ་ལམ་དུ་ཁྲོམ་བཀྱག་གང་བྱུང་དུ་བཙུགས་པའི་རིགས་གཙང་སེལ་བྱས་པ་དང་། ལམ་རྒྱུད་ཚོང་ཁང་གིས་ཚོང་ཁང་མདུན་གྱི་ལམ་བཟུང་ནས་ཁྲོམ་འདོན་པའི་རིགས་ཚད་ལྡན་དུ་བཏང་བ། ལམ་རྒྱུད་ཚོང་ཁང་ལ་ཚད་ལྡན་དང་ཡ་རབས་ངང་ཚོང་གཉེར་བྱེད་དགོས་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། ཀརྨ་དགོན་གསར་ཁྲོམ་གཞུང་དང་དེ་བཞིན་སྡེ་ཁུལ་རྩ་འཛུགས་ཀྱི་ཏང་ཡོན་གྱིས་དང་བླངས་ཞབས་ཞུའི་རྣམ་པར་བརྟེན་ནས་འགྲིམ་འགྲུལ་ཤེས་དཔལ་ཁྲིད་སྟོན་དང་། ཁོར་ཡུག་གཙང་སྦྲ་བྱེད་པ། འཚོ་བའི་གད་སྙིགས་དབྱེ་འབྱེད་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།