དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་139ཐག་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    དཔྱད་གཞིའི་པར།

    2023ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་རེ་འདུན་197འབྱོར་བར་གྱོད་གཞི་152བདག་སྤྲོད་དང་གྱོད་གཞི་139ཐག་བཅད་པས། 2022ལོའི་ལོ་ཧྲིལ་པོའི་བདག་སྤྲོད་བྱས་གྲངས་དང་བསྡུར་ན་24.6%འཕར་ཡོད་པ་རེད།

    ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་ཨུ་ལྷན་བཙུགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། གསར་འགོད་པས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོའི་ཟླ་1ཚེས་1ཉིན་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་བྱས་རྗེས་ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིའི་གྲངས་འབོར་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད་པ་རེད། 2022ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་རེ་འདུན་132འབྱོར་བར་གྱོད་གཞི་122བདག་སྤྲོད་དང་ཐག་བཅད་ནས་སྒྱུར་བཅོས་མ་བྱས་གོང་གི་2021ལོ་ཧྲིལ་པོའི་བདག་སྤྲོད་དང་ཐག་བཅད་པ་དང་བསྡུར་ན་གྱོད་གཞི་46མང་དུ་ཕྱིན་ཡོད། 2023ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ལ་སྲིད་འཛིན་བསྐྱར་གྲོས་རེ་འདུན་197འབྱོར་བར་གྱོད་གཞི་152བདག་སྤྲོད་དང་གྱོད་གཞི་139ཐག་བཅད་པས། བདག་སྤྲོད་བྱས་གྲངས་2022ལོ་ཧྲིལ་པོའི་བདག་སྤྲོད་བྱས་གྲངས་དང་བསྡུར་ན་24.6%འཕར་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་བྱས་པ་ནས་ད་བར། ཐག་བཅད་ཟིན་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་261ནས་ཚབས་ལྕི་བ་དང་། དཀའ་ཚེགས་ཆེ་བ། རྙོག་འཛིང་ཆེ་བ། ཆེད་ལས་ཀྱི་རང་བཞིན་ཆེ་བ་བཅས་ཀྱི་གྱོད་གཞི་དང་སྲིད་འཛིན་བསྐྱར་གྲོས་བློ་འདྲི་ཨུ་ཡོན་ལྷན་ཁང་ལ་བློ་འདྲིར་འབུལ་དགོས་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་21ཡོད་པ་དེ་དག་གཙོ་བོ་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། ལས་རྨས་གཏན་འཁེལ། ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།