དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁང་པའི་ནང་དུ་འཛུལ་ནས་རྐུ་མ་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་དེ་ཉེས་གསོག་དོགས་ཅན་གཅིག་བཟུང་བ་མ་ཟད་བརྐུས་དངོས་ཚང་མ་ཚུར་བླངས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ཟླ་10ཚེས་31ཉིན། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཤིག་གིས་ཉིན་ཤས་གོང་རང་ཉིད་ཁྱིམ་དུ་བསྡད་མེད་པ་དང་བསྟུན་ནས་རྐུ་མ་ཤོར་ནས་དངུལ་སྒོར་ཁྲི་5ལྷག་ཙམ་རི་བའི་དངོས་པོ་བརྐུས་འདུག་ཅེས་སྙན་སེང་ཞུས་འཕྲལ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་བྱེད་པར་བསྐྱོད་ཅིང་། རྩད་གཅོད་ཞིབ་ཚགས་དང་། བཅར་འདྲི་མཐིལ་བཤེར། དབྱེ་ཞིབ་བརྡར་གཅོད་བཅས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཡེ་ཆེ་གེ་མོ་གཏན་འཁེལ་བྱས་པ་དང་འབྲེལ། ཟླ་11ཚེས་1ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ནས་ཁོ་པ་བཟུང་ནས་ཁོ་པས་བརྐུས་པའི་དངོས་པོ་ཚང་མ་ཚུར་བླངས་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། ཡེ་ཆེ་གེ་མོས་རྐུ་མ་བརྐུས་པའི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།