དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་སྣེ་གདོང་ཁྲོམ་གཞུང་མངགས་གཏོང་ཁང་གིས།

    མྱུར་སྐྱེལ་བསྐུར་མ་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་དུས་སྣེ་གདོང་ཆུས་སྤྱི་བདེ་ཅུས་སྣེ་གདོང་ཁྲོམ་གཞུང་མངགས་གཏོང་ཁང་ལ་མང་ཚོགས་ཤིག་གིས་དྲ་ཐོག་ནས་ཉོས་པའི་ཁ་པར་བླུགས་པའི་མྱུར་སྐྱེལ་བསྐུར་མ་ཞིག་བརླགས་འདུག་ཅེས་གྱོད་དོན་སྙན་སེང་ཞུས།

    གྱོད་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཞིང་། ཉིན་ཤས་བསྟུད་མར་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། མཐར་ཉེས་གསོག་དོགས་ཅན་ཀྲེང་ཆེ་གེ་མོ་གཏན་འཁེལ་བྱས་པ་མ་ཟད། ཁོ་པ་བཟུང་བ་རེད། ཀྲེང་ཆེ་གེ་མོས་རང་ཉིད་ཀྱིས་རྐུ་མ་བརྐུས་པའི་གྱོད་གཞི་ངོས་ལེན་ཞུས་པ་མ་ཟད། གྱོད་གཞིའི་བརྒྱུད་རིམ་ཇི་མ་ཇི་བཞིན་ངོས་ལེན་ཞུས།

    སྣེ་གདོང་ཁྲོམ་གཞུང་མངགས་གཏོང་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲེང་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས། དེ་དང་ཆབས་ཅིག་ཟོག་གོང་དཔྱད་འདོམས་སྡེ་ཚན་གྱིས་བརྐུས་པའི་དངོས་ཟོག་ལ་རིན་གོང་དཔྱད་འདོམས་བྱས་རྗེས་གྱོད་འབྲེལ་མ་དངུལ་གྱོད་དོན་ཐོ་འགོད་ཀྱི་ཚད་གཞིར་སླེབས་ཡོད།

    མིག་སྔར་གྱོད་གཞི་དེ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྔར་བས་མྱུལ་ཞིབ་བྱེད་པར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།