དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་དབང་གནོད་འགན་འཁྲིའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར་བྲག་ཡིབ་ཆུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླའི་རྩོད་གཞི་འདུམ་འགྲིག་ལྟེ་གནས་དང་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་དང་མཉམ་དུ་དབང་གནོད་འགན་འཁྲིའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྩོད་གཞིའི་ཞུ་སྦྱོར་སྔ་མ་འཛོམས་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོ་གཉིས་ཀ་ཕྱི་ནས་སླེབས་པའི་ཚོང་པ་ཡིན་པ་དང་། བྲག་ཡིབ་ཆུས་གཉིས་བཀུར་ལམ་དུ་བརྒྱ་ཟོག་སིལ་ཚོང་རྒྱག་གི་ཡོད། ཕྱོགས་གཉིས་པོ་རྣམ་ཀུན་ནས་གནད་དོན་ཙག་ཙིག་ཐད་ཁ་རྩོད་ཤོར་གྱི་ཡོད་པས་འགལ་ཟླ་ཉིན་བཞིན་ཆེ་རུ་ཕྱིན་ཏེ་མཐར་རྒྱག་རེས་ཤོར་བ་ཞིག་རེད། གྱོད་གཞི་ཐོན་རྗེས། འཁེལ་འཐག་ལམ་མངགས་གཏོང་ཁང་གིས་གནས་ཚུལ་གསལ་པོ་ཤེས་རྗེས་ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོར་སྲིད་འཛིན་ཆད་པ་བཅད། མཐུན་སྦྱོར་ཐེངས་མང་བྱས་ཀྱང་ཕན་འབྲས་མ་ཐོན་པས་ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ།

    དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་དང་འགལ་ཟླ་ཐོན་མ་ཐག་སེལ་བ་མཐའ་འཁྱོངས་བྱ་ཆེད། བྲག་ཡིབ་ཆུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླའི་རྩོད་གཞི་འདུམ་འགྲིག་ལྟེ་གནས་དང་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱི་ལས་དོན་པ་དང་འབྲེལ་གཏུག་བྱས་ཏེ། ཕྱོགས་གཉིས་པོའི་ཐོག་མའི་འགལ་ཟླ་འབྱུང་ས་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་སོགས་སྤྱི་ཚོགས་འབྲེལ་བར་བརྟག་དཔྱད་བྱས་ནས་འགལ་ཟླ་འདུམ་སྒྲིག་བྱེད་ཐབས་བཙལ་ཏེ། ཕན་ཚུན་བསམ་ཤེས་བྱེད་དགོས་པའི་སློབ་གསོ་བརྒྱབ་མཐར་ལོ་མང་རིང་གི་འགལ་ཟླ་ངང་རྒྱུད་རིང་པོས་བསལ་ཏེ་ཁོ་གཉིས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།