དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་དམངས་ཀྱི་བྱང་ཚད་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    པར་འདི་དག་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བཅའ་ཁྲིམས་འདུ་ཤེས་སྔར་ལས་ཟབ་ཏུ་གཏོང་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས“12·4”རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི“ཁྲིམས་སྐྱོང་དྲིལ་བསྒྲགས་ཁྲོམ་གཞུང”གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བརྗོད་དོན་གཙོ་བོར་བྱས་ཤིང་། དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་འགྲེམས་པང་འཛུགས་པ། བཅའ་ཁྲིམས་བློ་འདྲིའི་སྟེགས་བུ་འཛུགས་པ། བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་གཞི་སྤྲོད་པ། འབྲེལ་ཡོད་བཅའ་ཁྲིམས་དང་གྱོད་གཞིའི་བརྙན་ལམ་སྟོན་པ་སོགས་ཀྱི་ཐབས་ལམ་བརྒྱུད་རྩ་ཁྲིམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། འཇིགས་སྐུལ་ལ་ངོ་རྒོལ་གྱི་འབྲེལ་ཡོད་ཤེས་བྱ། ཞིང་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།