དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • 《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་སྲོལ་ཡིག》བཏོན་པ།

    ཆུ་ལག་རྒྱུད་དུ་ཉ་འཛིན་པ་དང་རླངས་འཁོར་འཁྲུ་བ་སོགས་ཀྱི་བྱེད་སྤྱོད་བཀག་སྡོམ་གྱི་བཀའ་རྒྱ་ཞིབ་ཕྲ་བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ནི་ལྷ་ཞབས་གླིང་ཕྲན་སྤྱི་གླིང་གི་ཟུར་ཞིག་ཡིན་པ།

    ཆུ་ལག་ནི་གྲོང་ཁྱེར་གྱི་སྐྱེ་ཁམས་གཞི་རྟེན་ཡིན་པས། གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་བཟང་ངན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་གྲོང་ཁྱེར་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཟླ་11ཚེས་29ཉིན་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པར《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་སྲོལ་ཡིག》ལ་ཆོག་མཆན་སྤྲད་པ་དང་ཟླ་12ཚེས་1ཉིན《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དྲུང་ཆེའི་འོས་མི་ཧོའུ་ཅིང་ཧྭ་ཡིས་ལྷ་ས་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང“ཆུ་མོ་ཤར་བགྲོད་ཐུབ་པ་དང་། ཆུ་མོ་དྭངས་གཙང་། ཆུ་ངོགས་སྔོ་ལྗང་། ཡུལ་ལྗོངས་མཛེས་པ”བཅས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གཏོད་ཆེད་2019ལོར་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་9.8བཏང་ནས་རྔ་ཆེན་ཡུག་ཁུལ་གྱི་ལྟེ་བའི་ཆུ་ལག་སླར་གསོ་བྱས་པ་དང་ཕོ་བྲང་པོ་ཏ་ལའི་མཐའ་འཁོར་དང་། ལྷོ་རྒྱུད་མ་ཡུར། དབུས་རྒྱུད་མ་ཡུར། བྱང་རྒྱུད་མ་ཡུར་བཅས་ཆུ་ལག་བཞི་སྐྲུན་པར་ཤུགས་སྣོན་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་སྲོལ་ཡིག》ན་ཆུ་ལག་གི་ཆུ་རྒྱུག་ཚད་དང་། ཆུ་ལག་ནས་ཆུ་ལེན་ཚུལ། ཆུ་སྤུས་ལྟ་ཞིབ་ཚད་ལེན། བཙོག་ཆུ་ཕྱིར་འབུད། འཛུགས་སྐྲུན་རྣམ་གྲངས་དང་ཨར་སྐྲུན་གྱི་ཆུ་འབུད། ཆུ་ལག་གི་ཆུ་དང་དེ་བཞིན་ཆུ་རགས་དོ་དམ་སྲུང་སྐྱོང་། ཉ་འཛིན་པ། ཚེ་ཐར་གཏོང་བ་སོགས་ལ་གཏན་འབེབས་ཁ་གསལ་བཟོས་ནས་གྲོང་ཁྱེར་སྲིད་གཞུང་དང་། ཆུ་ལག་རྒྱུག་ཁུལ་གྱི་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འགན་ནུས་སྡེ་ཚན། ཆུ་ལག་རྒྱུག་ཁུལ་གྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་སོགས་རྩ་འཛུགས་ལས་ཁུངས་དང་ཆུ་དཔོན་དང་མཚེའུ་དཔོན་གྱིས་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་གཏན་འཁེལ་ཁ་གསལ་བྱས་ཏེ་ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་ལ་བཅའ་ཁྲིམས་ཀྱི་བརྩི་སྲུང་བྱ་ཡུལ་དང་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོང་སྲོལ་ཡིག》གི་དོན་ཚན་བཅོ་བརྒྱད་པ་དང་། དོན་ཚན་བཅུ་དགུ་པ། དོན་ཚན་ཉི་ཤུ་པ་བཅས་སུ་གཏན་འགོག་བྱེད་དགོས་རིགས་གཏན་འབེབས་བྱས་ཡོད་པ་རེད། དོན་ཚན་18པར་ཆུ་ལག་དུ་ཉ་འཛིན་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་དང་། དོན་ཚན་19པར་ཚན་པ་དང་མི་སྒེར་གང་ཞིག་ཡིན་རུང་ཚང་མས་རང་དགར་ཆུ་ལག་རྒྱུད་དུ་ཕྱི་ནས་ནང་འདྲེན་བྱས་པའི་སྲོག་ཆགས་རིགས་ཚེ་ཐར་གཏོང་མི་ཆོག་པ་གཏན་འབེབས་བྱས་ཡོད། དོན་ཚན་20པར། ལྟེ་བའི་གྲོང་ཁུལ་གྱི་ཆུ་ལག་སྲུང་སྐྱོབ་བྱེད་ཁོངས་སུ་རང་དགར་གད་སྙིགས་སྦས་པ་དང་། བཟུང་སྤྱོད། ཆུ་ལག་རྒྱུག་ཁུལ་བཀབ་པ་བཅས་དང་། རང་དགར་གློག་སྐུད་ས་འོག་ཏུ་སྦས་པའམ་ཡང་ན་འཕྲེད་ཡུར་དང་ཆུ་རགས་རྒྱག་པ། རྡོ་དང་། བྱེ་མ། ས་བཅས་སྔོག་འདོན་བྱེད་པ། ཆུ་ནང་དུ་བཟོ་ལས་ཀྱི་སྙིགས་རོ་དང་། འཚོ་བའི་གད་སྙིགས། ཨར་ལས་ཀྱི་གད་སྙིགས། དེ་བཞིན་སྙིགས་རོ་གཞན་དག་བཅས་བསྐྱུར་བ། ཆུ་ནང་དུ་སྣུམ་རིགས་དང་། རྫས་འགྱུར་གྱི་སྐྱུར་ཆུ་སོགས་གཤེར་ཁུ་འབུད་པ། ཆུ་ནང་དུ་ཆུ་ཐོན་སྲོག་ཆགས་གསོ་ཚགས་བྱེད་པ། རླངས་འཁོར་དང་དངོས་རྫས་གཞན་འཁྲུ་བ། དེ་བཞིན་ཆུ་ལག་སྲུང་སྐྱོང་བྱེད་པར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་གཞན་དག་བཅས་གཏན་འགོག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ལྷ་ཀླུ་འདམ་ར་དོ་དམ་ཅུས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཅུས་ཀྲང་ལྷ་མོ་ཚེ་རིང་གིས་གྲོང་མིར་གོང་གསལ་ནང་དོན་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་འབྲེལ་ལྟ་སྐུལ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།