དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ཀྱི་ཁ་བསླུས་ཤོར་བའི་དངུལ་སྒོར་10600ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    “ཁ་བསླུས་ཕོག་པའི་དངུལ་ཚུར་ལེན་ཐུབ་ཡོང་སྙམ་པ་བསམ་པའི་ཡུལ་དུའང་མེད། བློ་མཐུན་ཉེན་རྟོག་པ་ཚོས་དཀའ་བ་མང་པོ་སྤྱད་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཕྱིས་འབྱུང‘འགྲུལ་པར་ཞབས་འདེགས’ཞུ་ལུགས་སྐོར་གྱི་ཁ་བསླུས་ཁ་པར་ལ་ཡིད་ཆེས་གཏན་ནས་བྱེད་ཀྱི་མིན”ཞེས་སྣ་དཀར་རྩེ་རྫོང་ཁོངས་ཀྱི་གནོད་འཚེ་ཕོག་མཁན་དབྱང་ཆེ་གེ་མོས་ཁ་བསླུས་ཤོར་བའི་དངུལ་སྒོར་10600བླངས་རྗེས་སེམས་འགུལ་ཐེབས་པའི་ངང་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཉེ་དུས་ངས་ཁྱིམ་དུ་ལག་ཐོགས་ཁ་པར་ལ་ལྟ་བའི་སྐབས་གློ་བུར་དུ་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་ནས་ལས་སྟེགས་ག་གེ་མོའི་ཞབས་ཞུ་བ་ཡིན་ལུགས་བརྗོད་དེ་ཁོང་ཚོའི་ལས་སྟེགས་ཀྱི་དངུལ་གཡར་བའི་བྱེད་ནུས་དེ་འཕྲལ་མར་ཁ་རྒྱག་དགོས་པ་དང་། དེ་ལྟར་མ་བྱས་ཚེ་དབྱང་ཆེ་གེ་མོའི་ཡིད་རྟོན་ལ་ཤུགས་རྐྱེན་ཕོག་རྒྱུ་ཡིན་ལུགས་བཤད་བྱུང་ཞེས་དབྱང་ཆེ་གེ་མོས་གསར་འགོད་པར་བཤད།

    དབྱང་ཆེ་གེ་མོས་དངུལ་གཡར་བའི་བྱེད་ནུས་དེ་ཁ་ཕྱེ་བ་དྲན་ཡང་། ཉེ་ཆར་བེད་སྤྱོད་བཏང་མེད་བསམས་ཏེ་ཡིད་ཆེས་ལ་མི་ཆེས་པའི་ངང་མུ་མཐུད་ཉན་ཞིང་། ཕ་རོལ་གྱིས་བཤད་པ་ལྟར་དབྱང་ཆེ་གེ་མོས་APPཕབ་པ་མ་ཟད། ཕན་ཚུན་བརྙན་མཐོང་གི་བྱེད་ནུས་ཀྱང་ཁ་ཕྱེ། དེ་ནས་ཡང་ཕ་རོལ་གྱིས་དབྱང་ཆེ་གེ་མོའི་ཡིད་རྟོན་ཚད་གཞི་ཧ་ཅང་དམའ་པོ་ཡིན་ལུགས་བརྗོད་དེ་ཁག་ཐེག་དངུལ་འཇལ་ཚེ་གཞི་ནས་བྱེད་ནུས་དེ་ཁ་རྒྱག་རྒྱུ་ཡིན་ཚུལ་བཤད།

    “འགྲུལ་པར་ཞབས་འདེགས”ཞུ་ལུགས་ཡིན་ཚུལ་གྱི་བསླུ་བྲིད་འོག་དབྱང་ཆེ་གེ་མོ་མགོ་འཐོམས་པའི་ངང་དངུལ་གཡར་ལས་སྟེགས་ཤིག་ནས་དངུལ་གཡར་བ་མ་ཟད། དེ་ཕ་རོལ་གྱི་དམིགས་བཙུགས་རྩིས་ཁྲར་བསྒྱུར་ཞིང་། དེ་ལྟར་དངུལ་ཐེངས་མང་གཡར་བ་དང་རྩིས་ཁྲ་བསྒྱུར་རྗེས་དབྱང་ཆེ་གེ་མོས་གཞི་ནས་རང་ཉིད་མགོ་སྐོར་འོག་ཚུད་པ་ཤེས་ཏེ་འཕྲལ་མར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་ནས་རོགས་སྐྱོར་གནང་རོགས་ཞུས་པ་རེད།

    མཇུག་ཏུ། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ཉིན་མཚན་དབྱེར་མེད་འབད་འཐབ་དང་བདའ་འདེད་བསྟུད་མར་བཏང་མཐར་ཁ་བསླུས་ཕོག་པའི་དངུལ་སྒོར་10600བླངས་ནས་ཟླ་11ཚེས་23ཉིན་དངུལ་ཚང་མ་དབྱང་ཆེ་གེ་མོར་རྩིས་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།