དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • “རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱིས་གཙོ་གཉེར་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་དང་། ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བཅས་ཀྱིས་གཉེར་འགན་ཁུར་བའི་122“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་བཅུ་གཉིས་པ་ལྷ་སར་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཀྲོའུ་ཅི་གསོལ་མགྲོན་ཁང་ཐང་ཆེན་ཡིན་པ་དང་མི་3000ཙམ་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཡོད། གཞན་ཡང་བྱེད་སྒོ་སྤེལ་བའི་ཉིན་དེར་ལྷ་ས་གྲོང་ཁྱེར་གྱི་ཁོངས་གཏོགས་རུ་ཆེན་ཁག་གིས་གཤམ་སྐྱོད་བརྒྱད་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་རུ་ཆེན་ཁག་གི་LEDབརྙན་ཤེལ་དང་། དྲིལ་པང་སོགས་ཀྱི་གཞི་རྟེན་གང་ལེགས་སྤྱད་དེ“ཡ་རབས་འགྲིམ་འགྲུལ། ཁྱེད་དང་ང་ཡིས་མཉམ་དུ་སྲུང”བརྗོད་དོན་གཙོ་བོར་བྱས་པ་དང་འབྲེལ། ཡ་རབས་འགྲིམ་འགྲུལ་གྱི་དང་བླངས་པའི་ནུས་པ་གང་ལེགས་བཏོན་ནས་ཡ་རབས་འགྲིམ་འགྲུལ་གྱི་དང་བླངས་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་གཙོ་བོར་མི་དམངས་ཉེན་རྟོག་པ་ཚོས་གླུ་ལེན་གར་འཁྲབ་དང་། འཁྲབ་ཚན་ཐུང་གྲས། དགོད་བྲོའི་གཏམ་གླེང་། སྙན་ངག་གྱེར་འདོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲིལ་བསྒྲགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་བདེ་འཇགས་དཔེ་སྟོན་རྟེན་གཞི་ཁྲེང་ཀོན་ཆུས་སློབ་ཆུང་དགུ་པའི“འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ཆུང”གིས་ཚང་མར་འགྲིམ་འགྲུལ་ལག་བརྡ་འཁྲབ་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་བྱེད་སྒོ་གཙོ་བོ་སྤེལ་ཡུལ་དུ་ཡ་རབས་འགྲིམ་འགྲུལ་དྲིལ་བསྒྲགས་པ་གསུམ་ལ་གདན་ཞུའི་ཡི་གེ་སྤྲད་པ་རེད། གདན་ཞུའི་ཡི་གེ་རག་པའི་ཡ་རབས་འགྲིམ་འགྲུལ་དྲིལ་བསྒྲགས་པ་པད་མ་བཅིངས་འགྲོལ་གྱིས། “ཡ་རབས་འགྲིམ་འགྲུལ་གྱི་དྲིལ་བསྒྲགས་པར་གྱུར་བར་ཧ་ཅང་དགའ་པོ་བྱུང་། དེ་ང་ལ་མཚོན་ན་གཟི་བརྗིད་ཅིག་རེད་ལ་འགན་འཁྲི་ཞིག་དེ་བས་རེད། སླད་ཕྱིན་ངས་འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་ཤེས་དཔལ་གྱི་དྲིལ་བསྒྲགས་ལ་དེ་བས་མང་བ་ཞུགས་པ་དང་རང་སྨྱན་སྦྱོར་ལས་སྟེགས་དང་གཞུང་ཕྱོགས་ཀྱི་ལས་སྟེགས་སུ་ཚང་མར“ཡ་རབས་འགྲིམ་འགྲུལ། མི་ཚང་མར་འགན་འཁྲི་ཡོད་པའི”འབོད་སྐུལ་བྱེད་ཀྱི་ཡིན་ཞེས་བརྗོད།

    སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་དབང་འདུས་ཀྱིས། ད་ཐེངས་ཀྱི་བྱེད་སྒོར་མང་ཚོགས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་རྒྱ་ཆེ་རུ་ཕྱིན་པ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ལ་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ཏེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ་དང་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་གི་བྱ་སྤྱོད་ལས་དོན་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར། ལྷ་སའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བཟུང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་སྐུལ་སློང་། ཡ་རབས་འགྲིམ་འགྲུལ་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་འབད་བརྩོན་བཅས་བྱས་ཏེ་ལྷ་སའི་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་དང་འགྲོ་སྐྱོད་དེ་བས་སྟབས་བདེ་ཡོང་བར་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།