དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་བསླུས་ལ་དོགས་ཟོན། ཤ་ཚ་བའི་དྲན་སྐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    པར་འདི་དག་ནི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁྲིམས་སྒྱུར་ལྟ་སྐུལ་རུ་ཆེན་གྱིས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་སྡེ་ཚན་ཡོངས་སྒྲིག་འཛུགས་བྱས་ནས་གནའ་གྲོང་དྲིལ་བསྒྲགས་བྱ་ཡུལ་དུ་གཟའ་འཁོར་གཅིག་གི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱས་ཤིང་། མང་ཚོགས་ལ་རྒན་གསོའི་ཁ་བསླུས་འགོག་ཟོན་དང་། བུད་མེད་དང་བྱིས་པ་བསླུ་ཚོང་ལ་ངོ་རྒོལ། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་APPའོས་སྦྱོར། གྲོང་ཁྱེར་དེ་གའི་དཔེ་མཚོན་གྱོད་གཞི་རིགས་བརྒྱད་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་དང་། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། ཁྱོན་བསྡོམས་དྲིལ་བསྒྲགས་ཐོན་རྫས་1000ལྷག་ཙམ་དང་དྲིལ་བསྒྲགས་ལག་དེབ་2000ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་2000ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།