དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྟངས་བབ་བསྟུན་གསར་པ་སྤྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    འདི་ལོ་ནས་བཟུང་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ“ཧྥེང་ཆའོ་ཡི་རྣམ་པའི”ཚན་རྩལ་སྐོར་སྐྱོད་ཁྲིམས་ར་གཏོད་པ་དམ་འཛིན་བྱེད་སར་བྱས་པ་དང་། “ལྔ་བརྒྱད”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། “བཅའ་ཁྲིམས་ཁག་དགུར་སྤེལ་བའི”བྱེད་སྒོ་དོན་འཁྱོལ་ཧུར་ཐག་བྱས་ནས་རིམ་པ་མི་འདྲ་བ་དང་། ཁ་གཏད་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ཀྱི་བཅའ་ཁྲིམས་ཀྱི་དགོས་མཁོར་དམིགས་ཏེ་བཅའ་ཁྲིམས་ཁྱབ་གདལ་གྱི་གསལ་ཐོ་བབ་བསྟུན་བཏོན་ཏེ་ལས་ཁུངས་དང་། སྡེ་ཁུལ། སློབ་གྲྭ། ཁེ་ལས་སོགས་སུ་དགོས་མཁོ་ལྟར་བཅའ་ཁྲིམས་ཁྱབ་གདལ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བཅའ་ཁྲིམས་ཁྱབ་གདལ་གཏོང་རིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་སོགས་ནང་དོན་མང་པོར་དམིགས་ཏེ་འཆར་འགོད་བྱས་ཤིང་། དེར་ངལ་རྩོལ་འགན་ལེན་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་། ཁོར་ཡུག་སྲུང་སྐྱོང་། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་སོགས་ནང་དོན་མང་པོ་ཚུད་ཡོད་པ་རེད། བཅའ་ཁྲིམས་ཁྱབ་གདལ་གཏང་ཡུལ་མི་འདྲ་བར་དམིགས་ནས་འཕྲེད་ཡིག་འགེལ་བ་དང་། ས་གནས་ས་ཐོག་གི་འཆད་ཁྲིད། ལད་མོའི་ཁྲིམས་ར་འཛུགས་པ། བཅའ་ཁྲིམས་བློ་འདྲི་དང་ལེན་ཞུ་བ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་བྱེད་སྟངས་སྤྱད་དེ་མང་ཚོགས་ལ་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་ལ་འགྲེལ་བཤད་དང་དོགས་གནད་ལ་ལན་བཏབ་སྟེ་མང་ཚོགས་ལ་དངོས་ཡོད་གྱོད་དཔེ་ནས་ཐད་ཀར་ཁྲིམས་སྐྱོང་སློབ་གསོ་ཐོབ་ཏུ་བཅུག་ཡོད། བབ་བསྟུན་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་བཏང་བ་ནས་བཟུང་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་རྣམ་པ་སྣ་ཚོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས་55སྤེལ་བར་མི་ཐེངས་7000ཞུགས་པ་མ་ཟད། དྲིལ་བསྒྲགས་དཔྱད་ཡིག་1900སྤྲད་པ་དང་། མི་ཐེངས་200ཡི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པ། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དང་སློབ་གྲྭ་སོགས་ཁྱོན་ཡོངས་ལ་ཁྱབ་པ། གནད་སྨིན་དང་བབ་བསྟུན་རྣམ་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བཅས་བརྒྱུད་ནས་ཁོངས་གཏོགས་ཀྱི་མང་ཚོགས་ལ་ཕུན་སུམ་ཚོགས་པའི“ཁྲིམས་སྐྱོང་སྟོན་མོ་ཆེན་པོ”བཤམས་པར་ཁོངས་གཏོགས་ཀྱི་མང་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།