དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར་2023ལོ་ནས་2024ལོའི་བར་གྱི་འགྲན་དུས་ཀྱི་ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་ཆེད་ལས་མཉམ་འགྲན་གྱི་རྒྱུན་གཏན་འགྲན་བསྡུར་གྱི་རེས་སྐོར་13པའི་འགྲན་བསྡུར་ནང་པེ་ཅིང་རླངས་འཁོར་རུ་ཁག་དང་ཧྲན་ཤིས་ཧྥེན་ཅིའུ་རུ་ཁག་འགྲན་བསྡུར་བྱས་པ་རེད། འདི་ནི་པེ་ཅིང་རླངས་འཁོར་རུ་ཁག་གི་རུ་མི་ཧྥན་ཙེ་མིང(གཡས)གིས་འགྲན་བསྡུར་ནང་སྤོ་ལོ་བླུག་བཞིན་པ།

    འདི་ལོ་ལོ་46ལ་སླེབས་པའི་ཐང་ལི་ཧུང་ནི་ཀོང་ཤིས་ཀྲུང་ཧྲན་རྫོང་ཧྭ་ཧྲན་ཡའོ་རིགས་ཤང་ལིན་ཕིང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་རེད།

    2004ལོར་འཕྲོད་བསྟེན་སློབ་གྲྭ་ནས་ཐོན་པ་ནས་ད་བར་ལོ་18རིང་། ཐང་ལི་ཧུང་གིས་ལིན་ཕིང་གྲོང་ཚོའི་ས་ཆ་ཚང་མར་བསྐྱོད་དེ་རྒྱུན་གཏན་གྱི་སྨན་བཅོས་བྱེད་པ་ཕུད། ད་དུང་ཁོང་གིས་གཅོང་ནད་ཕོག་མཁན་ལ་ཁྱིམ་དུ་བསྐྱོད་ནས་བརྟག་དཔྱད་དང་། གྲོང་མིའི་བདེ་ཐང་ཡིག་ཚགས་བཟོ་བ། “བདེ་ཐང་སློབ་ཁང”འཛུགས་པ་སོགས་བྱས་ཡོད། འདི་ནི་ཤང་ལིན་ཕིང་གྲོང་ཚོར་ཐང་ལི་ཧུང(གཡོན)གིས་བུད་མེད་གཅིག་ལ་ཕྲུ་གུ་དམར་འབྱར་གྱི་འཚོ་བཅུད་གསབ་སྟངས་སློབ་བཞིན་པ།

    དགུན་དུས་སུ་ཕིང་ཐང་རྫོང་གི་རི་མཐོའི་གྲོག་རོང་དུ་ཕིང་ཐང་ཟམ་ཆེན་འགྱིང་ངེར་གནས་པ་དང་། རང་བྱུང་མཛེས་ལྗོངས་དང་ཟམ་ཆེན་གྱི་བརྗིད་ཉམས་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོགས་ཡོད། ད་ཕན་ལོ་ཤས་རིང་། ཀུའེ་ཀྲོའུ་ཞིང་ཆེན་ཆན་ནན་པུའུ་དབྱི་རིགས་དང་མེའོ་རིགས་རང་སྐྱོང་ཀྲོའུ་ཕིང་ཐང་རྫོང་གིས་ཕིང་ཐང་གི་ཟམ་ཆེན་ལ་བརྟེན་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཟམ་པའི་རྟེན་མཛོད་ཁང་དང་། གནམ་དཔྱད་ཚན་རིག་ཁྱབ་གདལ་ཁང་། གཡང་གཟར་ཨར་ཁང་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཧུར་ཐག་བཏོད་ཡོད། འདི་ནི་ཉེ་ཆར་པར་བརྒྱབ་པའི་ཀུའེ་ཀྲོའུ་ཞིང་ཆེན་ཕིང་ཐང་རྫོང་གི“མཁའ་དབྱིངས་ཀྱི་ཟམ་པའི”ཞབས་འདེགས་ཁུལ་དང་ཕིང་ཐང་ཟམ་ཆེན་གྱི་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།