དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-12

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དམ་བཅའ་འཇོག་སྐབས་ལྟ་སྐུལ་གནང་བ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཚན་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྒྲིག་འཛུགས་བྱ་ཐབས》གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཚན་དང་ཚན་པ་52ཀྱི་འགན་འཁུར་བ་73གྱིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།

    ཕྱི་དྲོའི་ཆུ་ཚོད་གསུམ་པར། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚང་མས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེ་རྗེས་དམ་འཇོག་སྣེ་ཁྲིད་མཁན་གྱིས་རྩ་ཁྲིམས་སྟེང་ཕྱག་བཞག་ནས་དམ་བཅའི་ཚིག་ཀློག་པ་དང་དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྟར་བསྒྲིགས་ནས་དམ་བཅའི་ཚིག་མཉམ་དུ་ཀློག་པ་རེད།

    དམ་བཅའ་བཞག་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གསུང་བཤད་གནང་ཞིང་། ཁོང་གིས་དམ་བཅའི་ཚིག་ཐུང་ཡང་ནང་དོན་གཏིང་ཟབ་པོ་ཡོད་པས། ཚང་མས་དམ་བཅའ་སེམས་ལ་བརྟན་པོར་བཅངས་ནས་ལག་ལེན་བསྟར་བ་དང་། རྩ་ཁྲིམས་དང་། མེས་རྒྱལ། མི་དམངས་བཅས་ལ་བློ་དཀར་སེམས་དཀར་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བའི་རེ་བ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལག་ལེན་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། ལག་ལེན་པ་བཅས་ཡག་པོ་བྱེད་དགོས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་སྟེགས་ལ་གཅེས་འཛིན་དང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཅངས་ནས་ལས་སྒྲུབ་ལས་གཏོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོར་དམ་པོ་དམིགས་པ་བཅས་བྱས་ནས། མུ་མཐུད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། གསར་གཏོད་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་བྱེད་དགོས། རྒྱུན་སྲོལ་གཏོར་ཕོད་པ་དང་རྣམ་པ་གསར་པ་གཏོད་མཁས་པོ་དང་། འགལ་ཟླ་གཙོ་བོར་དམིགས་ནས་ཕྱོགས་བསྡུས་ཇུས་བསྟར། འཇུར་མིག་དང་ཚོད་འཛིན་ལ་དམིགས་ཏེ་མུ་མཐུད་འགག་སྒྲོལ་བཅས་བྱས་ནས་དངོས་སྒྲུབ་དང་ལས་རྗེས་དངོས་ལ་བརྟེན་ནས་དམ་བཅའ་ལག་ལེན་བསྟར་ཐུབ་པར་བྱེད་དགོས། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོ་འཛུགས་པ་དང་། ཁྲིམས་གཏན་འཁེལ་བའི་དབང་ཚད་དང་གོ་རིམ་ལ་ནན་པོར་གཞིགས་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། འགན་འཁྲི་འཁུར་བ། སྤྱོད་གཙང་རང་གཅུན་གྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་བ། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་རེ་བ་ནན་པོ་འདོན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ། ཧུར་བསྲི་གྲོན་ཆུང་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།