དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

    སྐབས་ལྔ་པའི“བུད་མེད་དང་བྱིས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་གྱོད་དཔེ་ཆེ་གྲས་བཅུ”ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་ལྔ་པའི“བུད་མེད་དང་བྱིས་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་གྱོད་དཔེ་ཆེ་གྲས་བཅུ”ཁྱབ་བསྒྲགས་བྱས་ནས། བུད་མེད་དང་བྱིས་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་རིགས་མཚུངས་ཀྱི་གྱོད་གཞི་བདག་སྤྲོད་དང་གནད་དོན་ཐག་གཅོད་ལ་དཔེ་སྟོན་མཛུབ་ཁྲིད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་པའི་གྱོད་དཔེ་ཆེ་གྲས་བཅུ་པོ་དག་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁྱིམ་ཚང་གི་གཏུམ་སྤྱོད་དང་། བུད་མེད་ལས་བཟོའི་ངལ་རྩོལ་སྲུང་སྐྱོབ། བུད་མེད་ཀྱི་མི་གཤིས་ཁེ་དབང་། གྲོང་གསེབ་བུད་མེད་ཀྱི་ས་ཆའི་ཁེ་དབང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་སོགས་གླེང་མང་བའི་གནད་དོན་དང་འབྲེལ་བ་ཡོད་པ་རེད།

    རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཚོགས་པའི་ཁོངས་མིས་བུད་མེད་དང་བྱིས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་བཅུ་གསུམ་པའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། དེ་བས་ཆེ་བའི་འགན་འཁྲི་འཁུར་སེམས་དང་། བྱ་ཐབས་ཏན་ཏིག བརྩེ་སེམས་ཟབ་མོ་བཅས་ལ་བརྟེན་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་དུས་རྒྱུན་ནས་སྒྲུབ་པ་དང་དམ་འཛིན་བྱེད་པ་དང་གཞི་རིམ་དུ་དོན་འཁྱོལ་བྱས་ནས། བུད་མེད་དང་བྱིས་པའི་ཁེ་དབང་འགན་ལེན་བྱེད་པར་དེ་བས་ཕན་པའི་ལམ་ལུགས་ཀྱི་མ་ལག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་ཏེ། བུད་མེད་དང་བྱིས་པའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།