དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • འགག་སྒོར་མེ་ཟོན་དྲིལ་བསྒྲགས་བྱས་ནས་བོད་ཀྱི་མེ་གསོད་པའི་གཟུགས་བརྙན་ཡག་པོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    མེ་ཟོན་བཀོད་འཐབ་པས་མང་ཚོགས་ལ་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།

    མེ་ཟོན་དྲིལ་བསྒྲགས་པས་ཕྱི་རྒྱལ་གྱི་ཡུལ་སྐོར་བར་མེ་ཟོན་བདེ་འཇཌ་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    མེ་ཟོན་དྲིལ་བསྒྲགས་པས་མངའ་ཁོངས་སུ་འཛུལ་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་ཚོང་པར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བཞིན་པ།

    མེ་ཟོན་བཀོད་འཐབ་པས་མང་ཚོགས་ལ་སོལ་རླངས་ཀྱི་མེ་སྐྱོན་སེལ་ཐབས་སློབ་བཞིན་པ།

    མངའ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་ཚོང་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་བློས་འགེལ་ཆོག་པ་དང་། ཡིད་དུ་འོང་བ། བཀུར་འོས་པ་བཅས་ཀྱི་མེ་ཟོན་ལས་དོན་པའི་གཟུགས་བརྙན་ཡག་པོ་ཞིག་གཏོད་ཆེད། ཉིན་ཤས་བསྟུད་མར་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོ་དང་། འགྲམ་འགག་སྒོ། མངའ་རིས་ས་ཁུལ་སྤུ་ཧྲེང་འགག་སྒོ་བཅས་སུ་སྔ་རྗེས་སུ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། “འགག་སྒོའི་དཔལ་འབྱོར”དར་རྒྱས་དང་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་དོན་ལ་སྐུལ་མ་གཏོང་བར་བདེ་འཇགས་ཀྱི་འགན་ལེན་བརྟན་པོ་བྱས་པ་རེད།

    བྱེད་སྒོའི་རིང་། མངའ་ཁོངས་སུ་འཛུལ་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་ཚོང་པར་རྒྱ་ཡིག་དང་། དབྱིན་ཡིག བོད་ཡིག་བཅས་སྐད་རིགས་གསུམ་གྱི་མེ་ཟོན་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་མ་ཟད། དབྱིན་སྐད་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དང་ཚོང་པར་མེ་གསོད་ཡོ་བྱད་སྤྱོད་སྟངས་དང་། རྒྱུན་མཐོང་གི་མེ་སྐྱོན་འགོག་ཐབས། མེ་སྐྱོན་ལས་གཡོལ་ཐབས། མྱུར་སྐྱོབ་རྒྱུན་ཤེས་སོགས་འགྲེལ་བཤད་བརྒྱབ་པ་དང་བསྟན་པའི་ཁར། སྐམ་ཕྱེའི་མེ་གསོད་ཡོ་བྱད་སྤྱོད་སྟངས་དང་སོལ་རླངས་ཀྱི་མེ་སྐྱོན་སེལ་ཐབས། དེ་བཞིན་ཁ་གྲམ་ཉེན་གཡོལ་གྱི་ནང་སྦྱོང་སྒྲིག་འཛུགས་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།