དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ས་མཐོའི་གཏམ་རྒྱུད་ཡག་པོར་བརྗོད། འབད་འཐབ་གསུང་སྒྲ་བརྒྱུད་སྤྲོད་བྱས།

    —— མངའ་རིས་ས་ཁུལ་གྱི་2023ལོའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    2023ལོའི་ཚུན་དུ་མངའ་རིས་ས་ཁུལ་གྱི་གསར་འགྱུར་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་ཀའི་གཙོ་རྐང་མངོན་གསལ་དོད་པོར་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ས་ཨུད་ཀྱི“12114”ལས་ཀའི་བསམ་ཕྱོགས་དོན་འཁྱོལ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ། ཡང་དག་པའི་གླེང་ཕྱོགས་ཀྱི་ཕྱོགས་སྟོན་ལ་སྟངས་འཛིན་གང་ལེགས་བྱེད་པ། རང་འགུལ་རང་བཞིན་གང་ལེགས་འདོན་པ་དང་། རང་འགུལ་དབང་ཆ་ཁོང་དུ་ཆུད་པ། རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། ས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྟོན་པ་བཅས་བྱས་ཏེ། དེ་བས་གསལ་བའི་བརྗོད་དོན་གཙོ་བོ་དང་དེ་བས་ཤེད་ཤུགས་ཆེ་བའི་དྲང་ནུས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པ་འཛུགས་སྐྲུན་གྱི་སྙན་འཇེབས་རོལ་དབྱངས་དཀྲོལ་བ་རེད།

    བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གལ་ཆེན་ལ་གསོན་ཉམས་ལྡན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་བཅས་བྱས་ནས། མངའ་རིས་ས་ཁུལ་གྱིས་ཆབ་སྲིད་འཛུགས་སྐྱོང་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་སོགས་ལ་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཤིང་། ཚགས་པར་དང་། བརྙན་འཕྲིན། དྲ་རྒྱ། སྐད་འཕྲིན། དུད་སྣེ་བཅས་གང་ལེགས་སྤྱད་དེ་ལེའུ་10ཡོད་པའི《རབ་ཏུ་བཞད་པའི་གངས་ལྷ་མེ་ཏོག དུས་རབས་གསར་པའི་ས་མཐོའི་འབད་འཐབ་པ》ཞེས་པའི་རིམ་སྤེལ་ལེ་ཚན་བསྟན་པ་དང་། སྒྲིག་བཟོ་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སློབ་སྦྱོང་གི་ལེ་ཚན་དུས་ཐེངས་79དང《དཔེ་ཀློག་གི་དུས་སྐབས། མེ་སྟག་སྤང་སྲེག》ལེ་ཚན་དུས་ཐེངས་68ཕབ་ལེན་བྱས་ཏེ་བསྟན་པ། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ》 《དུས་རབས་གསར་པ་དང་རྒྱང་ལམ་གསར་པ། བྱ་གཞག་གསར་པ》སོགས་ཆེད་སྒྲིག་ལེ་ཚན་10ལྷག་ཙམ་སྒྲིག་བཟོ་བྱས་པ། “དཔྱིད་གསར་རིང་གཞི་རིམ་དུ་བསྐྱོད་པའི”རིམ་སྤེལ་གསར་འགྱུར་15ཇུས་འགོད་བྱས་ནས་བསྟན་པ་དང་། དེའི་ནང“དཔྱིད་གསར་རིང་གཞི་རིམ་དུ་བསྐྱོད་པའི”ལེ་ཚན་ཁྲོད་ཀྱི《མངའ་རིས་སྦྲག་སྲིད་ཀྱིས་ལོ་ཧྲིལ་པོར་ངལ་གསོ་མི་རྒྱག་པ》དང《ཉོ་སྐྱེལ་བ་ངལ་གསོ་མི་རྒྱག་པ》《མངའ་རིས་ཀྱི་དཔྱིད་གསར་དུས་ཆེན་རིང་གི་རྣམ་པ་ཟབ་མོ》བཅས་དུས་ཐེངས་གསུམ་གྱི་གསར་འགྱུར་ལ་ལྟ་ཀློག་བྱེད་ཚད་མི་ཐེངས་ཁྲི་3.6ཟིན་ཡོད།

    དེ་དང་ཆབས་ཅིག ཞང་ཞུང་རིག་གནས་དུས་ཆེན་སྐབས་བརྒྱད་པ་གོ་སྐབས་སུ་བྱས་ནས། ལྗོངས་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་11དང་གསར་འགོད་པ་23གདན་དྲངས་པ་དང་། ས་ཁུལ་གྱི་གསར་འགོད་པ་80ལྷག་ཙམ་དང་མཐུན་སྦྱོར་བྱས་ཏེ་རིག་གནས་ཡུལ་སྐོར་དུས་ཆེན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་གཏོང་སྤེལ་བྱས་པ་རེད།

    དྲིལ་བསྒྲགས་གཏོང་སྤེལ་ལས་དོན་ལ་གྲུབ་འབྲསགསར་པ་ཐོབ་པ།

    《མཛེས་སྡུག་ལྡན་པའི་ཀྲུང་གོར་བསྐྱོད》ཅེས་པའི་ལེ་ཚན་ཚོགས་ཆུང་དང་། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་སོགས་སྨྱན་སྦྱོར་དང་མཉམ་ལས་ཧུར་ཐག་བྱས་ནས་འགུལ་རིས་གློག་བརྙན《སྔོན་སྐྱོད་ལེན། བོད་ལ་དཔུང་སྐྱོད་ཆེན་པོ་བྱེད》དང་། ལེའུ་བཞི་ཡོད་པའི་དངོས་མཚོན་གློག་བརྙན《གངས་ལྗོངས་ཀྱི་བརྗིད་ཉམས》སོགས་པར་ལེན་བྱས་ནས་བཏོན་ཏེ་མངའ་རིས་ཀྱི་དོན་དངོས་དང་ཕྱོགས་ཡོངས་གང་ལེགས་མངོན་པར་བྱས་ཤིང་། བརྙན་ལམ་ཐུང་གྲས《ས་གཞི་ཆེན་པོའི་ཤིང་སྡོང》ཞེས་པ་བཏོན་པར་དྲ་ཐོག་ནས་ལྟ་མཁན་མང་ཤོས་སུ་གྱུར་པ་དང་། འཕྲིན་སྟེགས་དང་བརྙན་ལམ་ཨང་རྟགས“མཁའ་དབྱིངས་ཀྱི་མངའ་རིས”དང་། ཁྱུག་དབྱིངས་ཨང་རྟགས“མངའ་རིས་ཀྱི་སྨྱན་སྦྱོར་མཉམ་འདྲེས”ལ་ལྟ་མཁན་མི་ཐེངས་ཁྲི་6ལས་བརྒལ་ལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་ལམ། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་གཙོ་རྒྱུན་སྨྱན་སྦྱོར་ཚན་པས་སྔ་རྗེས་སུ་བརྒྱུད་སྐུར་བྱས་པར་ལྟ་མཁན་ཁྱོན་ཁྲི་བརྒྱ་ལས་བརྒལ་ཡོད། ཤིན་ཧྭ་གསར་འགྱུར་དྲ་བས“ཀྲུང་གོའི་འོས་སྦྱོར”དང་མཉམ་འབྲེལ་གྱིས་གྲོང་ཁྱེར་གྱི་གཟུགས་བརྙན་གཏོད་པ་དང་སྤུས་རྟགས་ཁྱབ་སྤེལ་ལ་རམ་འདེགས་བྱེད་པར་དམིགས་ཏེ་བཏོན་པའི“ཀྲུང་གོའི་གྲོང་ཁྱེར་ལ་བསྔགས་བརྗོད”ཅེས་པའི་སྤྱི་ཕན་བྱེད་སྒོའི་ཁྲོད་མངའ་རིས་ས་ཁུལ་ཧུར་ཐག་ཞུགས་པ་མ་ཟད། བྱེད་སྒོ་དེར་བརྟེན་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཧྲེན་ཀྲེན་སོགས་གྲོང་ཁྱེར་ཆེ་ཁག་གི་ས་འོག་ལྕགས་ལམ་གྱི་གྲགས་ཅན་སྨྱན་སྦྱོར་ཏུ་མངའ་རིས་ཀྱི་གཟུགས་བརྙན་གང་ལེགས་བསྟན་ནས་མངའ་རིས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་ནུས་ལྡན་བཏང་བ་རེད།

    བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ཚུན། ཤིན་ཧྭ་གསར་འགྱུར་ཁང་དང་། མི་དམངས་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་སྨྱན་སྦྱོར་གྱིས་སྔ་རྗེས་སུ་མངའ་རིས་སྐོར་གྱི་གསར་འགྱུར་ཐེངས་600ལྷག་ཙམ་སྤེལ་བ་དང་། བརྒྱུད་ལམ་སྣེ་མང་ལ་ཁྱབ་པ་དང་། དུས་མཚམས་མང་པོར་སྤེལ་གཏོང་། ལེ་ཚན་མང་པོ་སྤེལ་རེས་བཅས་ཀྱི་གསར་འགྱུར་དྲིལ་བསྒྲགས་ཀྱི་རྣམ་པ་ནུས་ལྡན་ངང་བཏོད་དེ་རྩོམ་ཡིག་སྤེལ་བའི་གྲངས་ཚད་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་པ་རེད།

    སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་

    མགྱོགས་པོ་བཏང་བ།

    ད་ལོའི་ཚུན་དུ་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ཤུགས་ཆེན་བྱས་པར་ཕན་འབྲས་བཟང་པོ་ཐོན་ཞིང་། འཕྲིན་སྟེགས“མཁའ་དབྱིངས་ཀྱི་མངའ་རིས”དང་། “ཁ་འབབ་ཀྱི་ཟེགས་མ” ཁྱུག་དབྱིངས་ཨང་རྟཌ“མངའ་རིས་སྨྱན་སྦྱོར” སློབ་སྦྱོང་ལས་སྟེཌ“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན” མངའ་རིས་ཀྱི་ཕྱོགས་བསྡུས་འཕྲིན་ལམ། ཇོ་རིའི་སྤྲིན་སོཌ་སྨྱན་སྦྱོར་ལས་སྟེགས་གཉེར་སྐྱོང་ལེགས་པོ་བྱས་ཏེ། མིག་སྔའི་བར་མངའ་རིས་ཀྱི་སྨྱན་སྦྱོར་ཚན་པས་པར་རིས་དང་བརྙན་ལམ་ཆ་འཕྲིན་2400ལྷག་ཙམ་སྤེལ་བ་དང་། ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་45ཟིན་ནས་ཁྱབ་རྒྱ་ཆེ་བ་དང་། བརྒྱུད་བསྒྲགས་མགྱོགས་པ། དོ་དམ་ཚོད་འཛིན་ཆོག་པ་བཅས་ཀྱི་འདུས་གྲུབ་སྨྱན་སྦྱོར་གྱི་དྲིལ་བསྒྲཌ་ལས་སྟེགས་ཤིག་ཏན་ཏིག་བཏོད་པ་རེད།

    དེ་དང་ཆབས་ཅིག སྲོལ་རྒྱུན་གྱི་གསར་འགྱུར་ཐོན་རྫས་གཞན་སྒྱུར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། “མཁའ་དབྱིངས་ཀྱི་མངའ་རིས”འཕྲིན་སྟེགས་སུ་ཁྱབ་སྤེལ་ལྟེ་བར་བྱས་པ་དང་། ཁྱུག་དབྱིངས་ལས་སྟེགས་མགྱོགས་གཏོང་ཡོ་ཆས་སུ་བྱས་པའི་སྨྱན་སྦྱོར་ལས་སྟེགས་11གིས་ཐུན་མོང་ཐོག་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་ལས་སྟེགས་བཏོད་དེ“1+1>2”བརྒྱུད་སྤེལ་གྱི་ཕན་འབྲས་ཐོན་པ་རེད། གཞན་ཡང་། 《མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་སྐོར་གྱི་གསར་འགྱུར་གཏོང་སྤེལ་ཇུས་གཞི》བཏོན་ནས་ས་ཁུལ་ཡོངས་ཀྱི“བསྐྱོད་པ་དགུའི”མཉམ་སྡེབ་དང་མི་སྒེར་23གྱི་དཔེ་མཚོན་གནས་ཚུལ་སྤེལ་གཏོང་ཡག་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།