དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱིས་2023ལོའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-08

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས“གྲོན་ཆུང་བསྲི་ཚགས་འགན་འཁྲི་གཙང་མར་སྒྲུབ། བློ་སེམས་གཅིག་མཐུན་བཟའ་བཅའི་བདེ་འཇགས་སྲུང”དང“དམངས་ཀྱི་བདེ་ཐང་གི་ཆེད་དུ། བདེ་འཇགས་ངང་སྨན་རྫས་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དཔྱད་ཡིག་སྤྲོད་པ། མང་ཚོགས་ཀྱི་བློ་འདྲིར་ལན་འདེབས་པ། བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་བརྙན་ཐུང་སྟོན་པ་སོགས་ཀྱི་བྱེད་སྟངས་བརྒྱུད། ཡུལ་དངོས་ཀྱི་མང་ཚོགས་ལ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ནང་ཞུགས་པའི་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་བཏོད་པ་རེད།

    དེ་དང་ཆབས་ཅིག ཡུལ་དངོས་སུ་ད་དུང“ཁྱེད་ཀྱིས་བཏོན་པར་ངས་ཞིབ་དཔྱད་བྱེད”ཅེས་པའི་རིན་མེད་ཀྱི་ཞིབ་དཔྱད་བྱེད་སྒོ་སྤེལ་བ་རེད། ལྷོ་ཁ་གྲོང་ཁྱེར་གྱི་ཁེ་ལས་ཀྱི་འཐུས་མིས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཉིས་དང་སྨན་རྫས་བདེ་འཇགས་ཁེ་ལས་ཀྱི་འགན་འཁྲིར་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཕུན་ཚོགས་ཀྱིས། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། བཟའ་བཅའ་དང་སྨན་རྫས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ཀྱི་འགན་འཁྲིའི་འདུ་ཤེས་དང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འགོག་སྲུང་བརྟན་དུ་གཏོང་བ་བཅས་བྱས་ནས། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ད་རེས་ཀྱི་བྱེད་སྒོར་དྲིལ་བསྒྲགས་འགྲེམས་པང་30བཙུགས་པ་དང་། འཕྲེད་འགེལ་སྦྱར་ཡིག་16བཟོས་པ། དྲིལ་བསྒྲགས་དཔྱད་ཡིག་7500དང་ལག་རྟགས་3000ལྷག་ཙམ་སྤྲད་པ། མང་ཚོགས་མི་ཐེངས་500ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།