དབུ་ཤོག>ཁྲིམས་ལུགས།
  • ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟ་ཁང་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟ་ཁང་དངོས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས། ཉིང་ཁྲི་ཞིབ་དཔྱོད་ཀྱི“རིག་ལྡན་ཞིབ་དཔྱོད་ལས་དོན”འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཕན་གཏུག་བཤེར་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟ་ཁང་གིས་ཕྱི་རོལ་ཡུལ་དང་། དྲང་བདེན། ཚན་རིག་དང་མཐུན་པ། ཚད་ལྡན་བཅས་ཀྱི་ལས་ཀའི་བྱེད་ཕྱོཌ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་བྱེད་པ་གཙོ་རྐང་དུ་བྱས་ཏེ། རྒྱ་ཁྱོན་འདང་ངེས་དང་། བདེ་འཇགས་བློས་འགེལ་ཆོག་པ། བཀོད་ཇུས་ལུགས་མཐུན་བཅས་ཀྱི་རང་ཚུགས་ཀྱི་གཞུང་དོན་སྒྲུབ་ས་བཀོད་སྒྲིག་དང་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་གྱི་སྒྲིག་ཆས་དང་སྐྱེ་དངོས་རྫས་འགྱུར་ཞིབ་དཔྱད་ཚད་ལེན་གྱི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱས་ཡོད་པས། ཆུའི་སྤུས་ཚད་དང་། མཁའ་རླུང་སྦགས་བཙོག འཛེར་སྒྲ་སོགས་ཁོར་ཡུག་སྦགས་བཙོག་དངོས་པོ་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཕན་འབྲས་ཆེ་ལ་མགྱོགས་པའི་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་པ་དང་ཆབས་ཅིག སྒུལ་བདེའི་མྱུར་བཤེར་བྱེད་ནུས་ཡོད་པས་མ་དཔེ་འཚོལ་བསྡུ་དང་། ཁུངས་སྣེ་འདེམས་བཤེར། ངོ་བོ་དབྱེ་ཞིབ། མངགས་བཅོལ་ཞིབ་དཔྱད་བཅས་ཀྱི་གཞི་གཅིག་ཅན་གྱི་ཕྱོཌ་བསྡུས་ཐག་གཅོད་བྱེད་སྟངས་ཤིག་གྲུབ་སྟེ། ཁུངས་སྣེ་ཐོག་མར་ལེགས་འདེམས་དང་བརྟག་དཔྱད་དཔང་ལེན་ལ་གསོན་ཤུགས་གསར་པ་སྦྱིན་པ་དང་། ཞིབ་དཔྱོད་ལག་རྩལ་གསལ་འབྱེད་དེ་འཐབ་ས་གཉིས་པའི་གྱོད་གཞི་སྒྲུབ་གཉེར་ལ་གཞོགས་འདེགས་བྱེད་པ་ནས་འཐབ་ས་དང་པོའི་བརྟག་དཔྱད་དཔང་ལེན་ལ་ཞུགས་པའི་བར་གྱུར་ནས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།