དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མལ་གྲོ་གུང་དཀར་རྫོང་གིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    འདི་ནི་ས་གནས་ས་ཐོག་ཏུ་ཨ་རག་ཉིང་ཁུར་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་ལས་དོན་སྐོར་གྱི་གྲོང་ཁྱེར་དང་རྫོང་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ལ་བཅོས་སྒྲིག་བྱས་པ་རེད།

    བྱེད་སྒོ་སྤེལ་བའི་དགོང་མོ་དེར། འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པ་དང་། མ་རབས་འཁོར་གཏོང་། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་སོགས་ལ་དམིགས་ཏེ་འགྲོ་ལམ་ལ་ཞིབ་བཤེར་བྱས་པ་དང་འབྲེལ། ཤར་གཏོང་འགན་ལེན་དང་། དྲིལ་བསྒྲཌ་དང་སློབ་གསོ། ཁྲིམས་འགལ་རྩད་གཅོད་ཡོ་བསྲང་། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་མཉམ་དུ་སྤེལ་བ་དང་། ལྷག་པར་དུ། གློག་སྒུལ་སྦག་སྦག་བཞོན་སྐབས་བདེ་འཇགས་རྨོག་ཞྭ་མི་གྱོན་པ་སོགས་ཀྱི་བྱེད་སྤྱོད་ལ་ས་གནས་ས་ཐོག་ཏུ་སློབ་གསོ་བརྒྱབ་སྟེ་ཡོ་བསྲང་བྱས་པ་དང་འབྲེལ། རྒྱ་ཆེའི་མང་ཚོགས་ལ་སྒྲིག་སྲུང་ཁྲིམས་སྲུང་དང་བདེ་འཇགས་ངང་ཕྱིར་སྐྱོད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།