དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • 2024ལོའི་ལོ་འཁོར་གྱི“རྒྱལ་ཁབ་ཀྱི་གཞུང་ལས་པ་བསྡུ་བའི”ཡིག་རྒྱུགས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་་དུས། གསར་འགོད་པས་རྒྱལ་ཁབ་གཞུང་ལས་པ་ཅུས་ནས་ཤེས་རྟོགས་བྱས་པར། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི་2024ལོའི་ལོ་འཁོར་གྱི་གཞུང་ལས་པ་བསྡུ་བའི་སྤྱི་པའི་རིག་ཚན་གྱི་ཡིག་རྒྱུགས་ཉིན་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་གྲོང་ཁྱེར་237དང་རྒྱུགས་ར་87682སུ་དུས་གཅིག་ཏུ་བཏང་བ་དང་། རྒྱུགས་སྤྲོད་སློབ་མ་ཁྲི་261.3གྱིས་ཡིག་རྒྱུགས་མ་བཏང་གོང་མིང་ཐོ་བཀོད་པ་དང་ཡིག་རྒྱུགས་ནང་དངོས་སུ་ཞུགས་མཁན་སློབ་མ་ཁྲི་225.2ཡོད་པས་ཡིག་རྒྱུགས་ནང་ཞུགས་ཚད་86.2%ཟིན་ཡོད། ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་བསྡུ་བའི་མི་གྲངས་ཀྱི་འཆར་གཞི་དེ་57:1ཡིན་པ་དང་། ཞབས་ཞུའི་འགན་ལེན་ནང་རྒྱུགས་སྤྲོད་ལྟ་ཞིབ་པ་དང་། སྐོར་ཞིབ་པ། ཡིག་རྒྱུགས་ཞབས་ཞུའི་ལས་དོན་པ་བཅས་ཁྲི་23.4ཞུགས་ཡོད།

    ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འགོ་ཁྲིད་ལ་ཤུགས་སྣོན་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཚགས་ཚུད། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་ཡིག་རྒྱུགས་ཞབས་ཞུ་ལེགས་སུ་གཏོང་བ་དང་ཡིག་རྒྱུགས་རྐུ་བཤུས་ལ་བཀག་འགོག་བྱས་ནས་དྲང་གཞག་དང་། གཞུང་དྲང་། བདེ་འཇགས་བཅས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཅིག་བཏོད་ཡོད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ཡིག་རྒྱུགས་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་ཏན་ཞུས་ནས་གཞུང་དྲང་དང་ཡ་རབས་ངང་ཡིག་རྒྱུགས་ནང་ཞུགས་པས་སྤྱི་ཡོངས་ཀྱི་ཡིག་རྒྱུགས་སྒྲིག་ལམ་གོ་རིམ་ལྡན་ལ་ཡག་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།