དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཚད་གཞི་ཁག1563 ཞིང་ཁ་ནས་གསོལ་ཅོག་བར་ཡོངས་སུ་ཁྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་ཡོངས་བསྒྲཌ་ཚོཌ་འདུ་ནས་ཤེས་རྟོཌ་བྱས་པར་གཞིཌ་ན། མིག་སྔར་རང་རྒྱལ་གྱིས་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁྱོན་1563བཟོས་ནས་ཡོངས་བསྒྲཌ་བྱས་པ་བདེ་འཇཌ་ཀྱི་དམིགས་ཚད་ཁག་ཁྲི་2.3ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་རང་རྒྱལ་གྱི་གྲོང་མིས་འཛད་སྤྱོད་བྱེད་པའི་བཟའ་བཅའ་རིཌ་ཆེ་གྲས་30ཡི་རིགས་ཆུང་གྲས་343ཚང་མ་ཚུད་ཡོད་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བཟའ་བཅའི་བདེ་འཇགས་ཚད་གཞི་དང་ལྟ་ཞིབ་ཚད་ལེན་ཚོད་སྐོར་སིའི་སི་ཀྲང་གཞོན་པ་ཐེན་ཅན་ཤིན་གྱིས། མིག་སྔར་རང་རྒྱལ་གྱིས་བཟོས་པའི་བཟའ་བཅའི་བདེ་འཇགས་རྒྱལ་ཁབ་ཀྱི་ཚད་གཞིར་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་བདེ་ཐང་གི་གནོད་འཚེའི་རྒྱུ་རྐྱེན་གཙོ་བོ་ཚུད་ཡོད་ཅིང་། བཟའ་བཅའི་རྒྱུ་ཆ་ཐོན་སྐྱེད་དང་ལས་སྣོན་ནས་མཐའ་མའི་ཐོན་རྫས་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་ལ། ཞིང་ཁ་ནས་གསོལ་ཅོག་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཡང་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།