རྒྱལ་ཁབ་ཀྱི་སྐྱེ་ཁམས་སྤུས་ཚད་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག་དང་པོ་བདམས་ཐོན་བྱུང་བ།
《རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྤུས་ཚད་ལྟ་སྐུལ་དང་ལྟ་ཞིབ་ཚད་ལེན་ལས་དོན་ཇུས་གཞིའི(2023—2025)》བླང་བྱ་དོན་འཁྱོལ་བྱ་ཆེད། སྐྱེ་ཁམས་ཁོར་ཡུག་པུས་ཀྲུང་གོ་ཚན་རིག་ཁང་དང་མཉམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྤུས་ཚད་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག་དང་པོ་འདེམས་པའི་ལས་དོན་སྤེལ་བ་དང་། ས་གནས་ཀྱིས་རེ་ཞུ་དང་། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ། ས་གནས་ས་ཐོག་ནས་བསྐྱར་བཤེར། ཆེད་དོན་གྲོས་ཞིབ་བཅས་བྱས་པ་བརྒྱུད། པེ་ཅིང་སྨི་ཡུན་ཆུ་མཛོད་ས་ཚིགས(འདམ་ར)དང་། ནང་སོག་ཧུའུ་ལུན་པེར་ས་ཚིགས(རྩྭ་ཐང) ཀྲེ་ཅང་ཅིན་ཧྭ་ཧྲང་ཧོང་ས་ཚིགས(ནགས་ཚལ)སོགས་ཕྱོགས་བསྡུས་ས་ཚིགས་55རྒྱལ་ཁབ་ཀྱི་སྐྱེ་ཁམས་སྤུས་ཚད་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག་དང་པོར་གཏན་འཁེལ་བྱས་པ་དང་སྦྲགས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་རྒྱར་བཅུག་ནས་སྐྱེ་ཁམས་སྤུས་ཚད་ལྟ་སྐུལ་དང་ལྟ་ཞིབ་ཚད་ལེན་ལས་དོན་གྱི་འགན་འཁྲི་འཁུར་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྤུས་ཚད་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་ཡོད།