དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དྲིལ་བསྒྲགས་ཡག་པོ་བྱས། སེམས་ཀྱི་གཏིང་ལ་ཟུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    འདི་ནི་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བློ་ཆེ་གེ་མོས་རྩིས་འབུལ་ཞུས་པའི་མདེའུ་ལ་ཞིབ་བཤེར་བྱེད་བཞིན་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་རྒྱ་ཚ་རྫོང་སྤྱི་བདེ་ཅུས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས་དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་དུས་གཅིག་ཏུ་ཤུགས་བརྒྱབ་པ་སྟེ། སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་པ་དང་། བཅར་འདྲིར་སྐྱོད་པ། སྦྱར་ཡིག་སྦྱར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཁུལ་དུ་མེ་མདའ་སྔོག་བཤེར་དང་འབར་རྫས་བཅོས་སྒྲིག་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། མང་ཚོགས་ལ་མེ་མདའ་དང་འབར་རྫས་རིགས་ཀྱི་གནོད་འཚེའི་རང་བཞིན་གསལ་བཤད་ཞིབ་ཕྲ་བྱས་པ། མང་ཚོགས་སྐུལ་སློང་གིས་མེ་མདའ་དང་འབར་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་མཁོ་འདོན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་ཟམ་གདོང་གྲོང་ཚོར་གྲལ་བཤེར་བྱེད་པར་སྐྱོད་སྐབས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་བློ་ཆེ་གེ་མོས་འགྱིག་ཁུག་ནང་དངོས་པོ་ལྗིད་པོ་བླུགས་ནས་ཉེན་རྟོག་པའི་ཕྱོགས་སུ་ཁྱེར་ཡོང་བ་རེད། ཉེན་རྟོག་པས་ཁ་ཕྱེ་ནས་ལྟ་སྐབས་བསམ་ཡུལ་ལས་འདས་པར་འགྱིག་ཁུག་ནང་བླུགས་པ་ནི་མདེའུ་ཡིན་པ་མཐོང་མ་ཐག་གང་ནས་བྱུང་མིན་འདྲི་རྩད་བྱས་པ་རེད། མིག་སྔར་རྩིས་འབུལ་བྱས་པའི་མདེའུ་47ཚང་མ་རྒྱ་ཚ་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པར་རྩིས་སྤྲད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།