དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཉེན་ཡོད་འཁོར་གཏོང་ཉེས་གསོག་གི་ཉེན་བརྡའི་གྱོད་དཔེ་ཁག་གསུམ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས། ཉེན་ཡོད་འཁོར་གཏོང་ཉེས་གསོག་གི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་ཐུབ་ཚད་ཟབ་ཏུ་གཏོང་བ་དང་ཉེན་ཡོད་འཁོར་གཏོང་གི་ཉེས་གསོག་གནས་ཚུལ་ཐོན་ཚད་ཉུང་དུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཉེན་ཡོད་འཁོར་གཏོང་གི་ཉེས་གསོག་གྱོད་དཔེ་3ཡོངས་བསྒྲགས་བྱས་ཏེ། གྱོད་དཔེ་དྲངས་ནས་བཅའ་ཁྲིམས་གསལ་འགྲེལ་བརྒྱུད། རྒྱ་ཆེའི་ཁ་ལོ་བས་ཆང་བཏུངས་འཁོར་གཏོང་གི“བཅའ་ཁྲིམས་ཀྱི་མཇུག་འབྲས་དང་། དཔལ་འབྱོར་གྱི་མཇུག་འབྲས། ལས་རིགས་ཀྱི་མཇུག་འབྲས། དུས་ཚོད་དང་ཁྱིམ་ཚང་གི་མཇུག་འབྲས”སོགས་ལ་རྩིས་གསལ་པོ་བརྒྱབ་ནས། བདེ་འཇགས་འཁོར་གཏོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། “ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ་དང་རླངས་འཁོར་བཏང་ན་ཆང་རག་མི་འཐུང་བའི”བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ར་བཟི་འཁོར་གཏོང་གི་ཉེས་གསོག་སྔོན་འགོག་ཧུར་ཐག་བཅས་བྱས་ནས། ཤེས་དཔལ་ཞི་མཐུན་གྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་མཉམ་དུ་བཏོད་ཡོད།

    1 ཞུ་སྦྱོར་ཕྱི་མ་ལྷག་ཆེ་གེ་མོའི་ཉེན་ཡོད་འཁོར་གཏོང་གི་གྱོད་གཞི།

    ● “གཞི་རྩའི་གྱོད་དོན”

    2023ལོའི་ཟླ་4ཚེས་20ཉིན། ཞུ་སྦྱོར་ཕྱི་མ་ལྷག་ཆེ་གེ་མོས(འབྲོག་པ)ཆང་རག་བཏུངས་རྗེས་ལག་ཁྱེར་མེད་པར་རླངས་འཁོར་བཏང་སྟེ་རྒྱལ་ལམ་ཞིག་ཏུ་སྐྱོད་སྐབས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལག་ཏུ་ཐེབས། གསལ་འབྱེད་བྱས་པ་ལྟར་ན། ལྷག་ཆེ་གེ་མོའི་ཁྲག་གི་མ་དཔེ་ལས་ཁྲག་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཁེ་236.55འདུས་པས་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས་ཡོད།

    ● “ཁྲིམས་བཅད་བྱས་འབྲས”

    ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་ལྷག་ཆེ་གེ་མོས་གཞུང་ལམ་འགྲིམ་འགྲུལ་ཁྲིམས་སྲོལ་ལས་འགལ་ནས་ར་བཟི་འཁོར་གཏོང་བྱས་པ་དེས་ཉེན་ཡོད་འཁོར་གཏོང་གི་ནག་ཉེས་བསགས་པ་དང་། ལྷག་ཆེ་གེ་མོས་ར་བཟི་རྗེས་ལག་ཁྱེར་མེད་པར་རླངས་འཁོར་བཏང་བ་མ་ཟད། ཁྲག་གི་མ་དཔེ་ལས་ཁྲག་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཁེ་200འདུས་པས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་ཀྱང་ལྷག་ཆེ་གེ་མོས་རང་འགུལ་ངང་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་ཆད་གཅོད་ངོས་ལེན་ཞུ་བའི་ཡི་གེར་མིང་རྟགས་བཀོད་པས་ཁྲིམས་ལྟར་ཆད་པ་ཡང་དུ་བཏང་ཡོད། གོང་གསལ་ལྟར་ན། ཞུ་སྦྱོར་ཕྱི་མ་ལྷག་ཆེ་གོ་མོས་ཉེན་ཡོད་འཁོར་གཏོང་གི་ནག་ཉེས་བསགས་པར་གཏན་འཁེལ་བས། བཙན་ཉར་ལས་སྐུལ་ཟླ་བ་གཅིག་དང་དངུལ་ཆད་སྒོར་3000བཏང་བ་རེད།

    ● “ཉེན་བརྡའི་དོན་སྙིང”

    ལག་ཁྱེར་མེད་པར་འཕྲུལ་སྒུལ་འཁོར་རིགས་གཏོང་བ་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་རེད་ལ། ར་བཟི་ནས་ལག་ཁྱེར་མེད་པར་འཕྲུལ་སྒུལ་འཁོར་རིགས་བཏང་བ་དེས་ཉེན་ཡོད་འཁོར་གཏོང་གི་ནག་ཉེས་བསགས་སྟབས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། ཞུ་སྦྱོར་ཕྱི་མ་ལྷག་ཆེ་གེ་མོའི་ཁྲག་གི་མ་དཔེ་ལས་ཁྲག་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཁེ་200ཡན་འདུས་ཡོད་པ་མ་ཟད། ལག་ཁྱེར་མེད་པར་རླངས་འཁོར་བཏང་བར་བརྟེན་ཁྲིམས་ཁང་གིས་ཁོ་བོར་ཉེས་ཆད་ཕྱིར་འགྱངས་བྱས་མེད་པ་དེ་ཐོག་ནས་ཉེས་འགན་ཉེས་ཆད་གབ་མཐུན་གྱི་རྩ་དོན་དང་ཉེན་ཡོད་འཁོར་གཏོང་གི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་པ་མཚོན་ཡོད།

    2 ཞུ་སྦྱོར་ཕྱི་མ་ཁྲ་ཆེ་གེ་མོའི་ཉེན་ཡོད་འཁོར་གཏོང་གི་གྱོད་གཞི།

    ● “གཞི་རྩའི་གྱོད་དོན”

    2021ལོའི་ཟླ་6ཚེས་25ཉིན་གྱི་ཆུ་ཚོད་21ཙམ་ལ། ཞུ་སྦྱོར་ཕྱི་མ་ཁྲ་ཆེ་གེ་མོས་ཆང་རག་བཏུངས་རྗེས་འཁོར་གསུམ་གློག་འཁོར་གཏོང་ཆོག་པའི་ལག་ཁྱེར་མེད་པའི་ཁར་འཁོར་རྟགས་མེད་པའི་འཁོར་གསུམ་གློག་འཁོར་བཏང་སྟེ་འགྲོ་ལམ་འགོག་སྲུང་སྒྲོམ་སྐྱོར་ལ་བརྡུངས་ནས་་རིལ་ཏེ་འཁོར་གསུམ་གློག་འཁོར་ལ་སྐྱོན་ཤོར་བ་མ་ཟད། ཁྲ་ཆེ་གེ་མོར་རྨས་སྐྱོན་ཕོག འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁྲ་ཆེ་གེ་མོས་འགྲིམ་འགྲུལ་ལས་འཛོལ་གྱི་འགན་འཁྲི་ཚང་མ་འཁུར་དགོས་པ་གཏན་འཁེལ་བྱས། གསལ་འབྱེད་བྱས་པ་བརྒྱུད། ཁྲ་ཆེ་གེ་མོའི་ཁྲག་གི་མ་དཔེ་ལས་ཁྲག་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཁེ་221.09འདུས་ཡོད་པས་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས་ཡོད།

    ● “ཁྲིམས་བཅད་བྱས་འབྲས”

    ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་ཁྲ་ཆེ་གེ་མོས་གཞུང་ལམ་འགྲིམ་འགྲུལ་ཁྲིམས་སྲོལ་ལས་འགལ་ནས་ར་བཟི་འཁོར་གཏོང་བྱས་པ་དེས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་ཡོད། ཁྲ་ཆེ་གེ་མོས་ར་བཟི་རྗེས་འཁོར་གསུམ་གློག་འཁོར་གཏོང་ཆོག་པའི་ལག་ཁྱེར་མེད་པ་དང་འཁོར་རྟགས་མེད་པའི་འཁོར་གསུམ་གློག་འཁོར་བཏང་བ་མ་ཟད། ཁོ་པའི་ཁྲག་གི་མ་དཔེ་ལས་ཁྲག་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཁེ་200ཡན་འདུས་པས་འགྲིམ་འགྲུལ་ལས་འཛོལ་གྱི་འགན་འཁྲི་ཆ་ཚང་འཁུར་དགོས་པ་དང་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་ཀྱང་ཁྲ་ཆེ་གེ་མོས་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་མ་ཟད། རང་འགུལ་ངང་ཉེས་པ་ངོས་ལེན་དང་ཆད་གཅོད་དང་ལེན་ཞུས་པས་ཁྲིམས་ལྟར་ཆད་པ་ཡང་དུ་བཏང་ཡོད། གོང་གསལ་ལྟར་ན། ཞུ་སྦྱོར་ཕྱི་མ་ཁྲ་ཆེ་གོ་མོས་ཉེན་ཡོད་འཁོར་གཏོང་གི་ཉེས་པ་བསགས་པར་གཏན་འཁེལ་བྱས་ཏེ། བཙན་ཉར་ལས་སྐུལ་ཟླ་བ་དྲུག་དང་ཉེས་ཆད་ཕྱིར་འགྱངས་ཟླ་བ་བརྒྱད་བྱས་པ་མ་ཟད། དངུལ་ཆད་སྒོར་6000བཏང་བ་རེད།

    ● “ཉེན་བརྡའི་དོན་སྙིང”

    ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་ནི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན་པ་མ་ཟད། འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཞིག་ཀྱང་རེད། ཞུ་སྦྱོར་ཕྱི་མ་ཁྲ་ཆེ་གེ་མོས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པར་ར་བཟི་འཁོར་གཏོང་དང་འཁོར་རྟགས་མེད་པའི་འཁོར་གསུམ་གློག་འཁོར་བཏང་བ་མ་ཟད། ཨ་རག་ཉིང་ཁུ་འདུས་ཚད་ཅུང་མཐོ་བས་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད། མ་གཞི་དེས་འགྲིམ་འགྲུལ་ལས་འཛོལ་བཟོས་པ་ནི་ཕྱོགས་རྐྱང་པའི་ལས་འཛོལ་ཡིན་མོད། འོན་ཀྱང་ལས་འཛོལ་གྱི་འགན་ཚང་མ་འཁུར་དགོས། ཁྲིམས་ཁང་གིས་ཁྲ་ཆེ་གེ་མོས་ནག་ཉེས་བསགས་པའི་དོན་དངོས་དང་། མཇུག་འབྲས། དེ་བཞིན་ཉེས་པ་ངོས་ལེན་དང་འགྱོད་གཤགས་ཀྱི་རྣམ་འགྱུར་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བྱས་ཏེ། བཙན་ཉར་ལས་སྐུལ་ཟླ་བ་དྲུག་དང་དངུལ་ཆད་བཏང་བ་དང་ཆབས་ཅིག་ཉེས་ཆད་ཕྱིར་འགྱངས་བྱས་པ་རེད།

    3 ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོའི་ཉེན་ཡོད་འཁོར་གཏོང་གི་གྱོད་གཞི།

    ● “གཞི་རྩའི་གྱོད་དོན”

    2022ལོའི་ཟླ་12ཚེས་31ཉིན་གྱི་དགོང་མོར། ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོས་ཆང་རག་བཏུངས་རྗེས་སྦག་སྦག་གཏོང་ཆོག་པའི་ལག་ཁྱེར་མེད་པའི་ཁར་འཁོར་རྟགས་མེད་པའི་སྦག་སྦག་བཏང་ནས་ལམ་མདོ་ཁ་ཞིག་ཏུ་སླེབས་སྐབས་འཕྲུལ་སྒུལ་འཁོར་རིགས་དང་འཚང་ཁ་ཤོར་བའི་རྩོད་གཞི་ཐོན་རྗེས་སྤྱི་བདེ་ལས་ཁུངས་ཀྱི་ལག་ཏུ་ཐེབས། གསལ་འབྱེད་བྱས་པ་ལྟར་ན། བློ་ཆེ་གེ་མོའི་ཁྲག་ཧའོ་ཧྲེང་100ལ་ཨ་རག་ཉིང་ཁུ་ཧའོ་ཁེ་356.67འདུས་ཡོད་པས་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས་ཡོད།

    ● “ཁྲིམས་བཅད་བྱས་འབྲས”

    ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བློ་ཆེ་གེ་མོས་ར་བཟི་ནས་སྦག་སྦག་བཏང་བའི་བྱེད་སྤྱོད་དེ་ཉེན་ཡོད་འཁོར་གཏོང་གི་ཉེས་པར་ངོས་འཛིན་བྱས་ཏེ་བཙན་ཉར་ལས་སྐུལ་ཟླ་བ་བཞི་དང་དངུལ་ཆད་སྒོར་4000བཏང་བ་རེད།

    ● “ཉེན་བརྡའི་དོན་སྙིང”

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། སྦག་སྦག་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁོངས་སུ་གཏོགས་པས། ཁ་ལོ་བར་འབྲེལ་ཡོད་ཀྱི་ཁ་ལོ་བའི་ལག་ཁྱེར་དགོས་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་ཀྱང་བསྒར་དགོས། སྦག་སྦག་གཏོང་མཁན་གྱིས་ཆང་རག་བཏུངས་ནས་སྦག་སྦག་བཏང་སྟེ་ཁྲག་ནང་གི་ཨ་རག་ཉིང་ཁུའི་འདུས་ཚད་ར་བཟིའི་ཚད་གཞིར་སླེབས་ཕྱིན་ཉེན་ཡོད་འཁོར་གཏོང་གི་ནག་ཉེས་གཞིར་བཟུང་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།