དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་གིས་འོས་འགན་སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉེ་ཆར། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་ཏང་ཀྲི་པུས་ཏང་འཛུགས་སྐྱོང་མཉམ་སྒྲུབ་ཁུལ་དང“ཐུན་མོང་ལྔ་དང་བརྟན་པོ་ལྔ”སོགས་ཀྱི་ལས་ཀའི་གྲུབ་འབྲས་གང་ལེགས་སྤྱད་དེ། སྐམ་དམག་སྨན་ཁང་ཞིག་གི་ཐང་འཐབ་སྨན་བཅོས་རུ་ཁག་གདན་དྲངས་ནས་མངགས་གཏོང་ཁང་གི་མཐའ་སྲུང་མཉམ་འགོག་རུ་ཁག་གི་རུ་མི་དང་ལས་རོགས་ཉེན་རྟོག་པ་60ལ“གོས་དཀར་སྨན་པས་བདེ་ཐང་སྲུང་། དམག་ཉེན་མཉམ་དུ་མཐའ་མཚམས་སྲུང་བ”ཞེས་པའི་བརྗོད་དོན་གཙོ་བོའི་འོས་འགན་སྐོར་སྐྱོད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་དང་། མཐའ་སྲུང་བ་དང་ལས་རོགས་ཉེན་རྟོག་པའི་གཟུགས་པོར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ། སྨན་བཅོས་གྲོས་འགོ་བཏོན་པ་མ་ཟད། ནད་རྟགས་མི་འདྲ་བར་གཞིགས་ནས་སྨན་ཡང་སྤྲད་པ་རེད། རྡོ་དམར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་བྱེད་སྒོ་སྤེལ་རོགས་ཧུར་ཐག་བྱས་ཡོད།

    སྨན་བཅོས་བྱ་ཡུལ་དུ་སྨན་དོན་པས་མཐའ་སྲུང་བར་གློག་པར་དང་། CT ཁྲག་ལེན་རྫས་འགྱུར་བརྟག་དཔྱད། སྙིང་པར་སོགས་ཀྱི་བརྟག་དཔྱད་བྱས་པ་དང་འབྲེལ། བདེ་ཐང་གི་འཚོ་བའི་འདུ་ཤེས་གསལ་འགྲེལ་ཡང་བྱས་ནས། མཐའ་སྲུང་མཉམ་འགོག་རུ་མིར་ཚན་རིག་དང་མཐུན་ཞིང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཆགས་པར་ཁྲིད་སྟོན་དང་། སྨན་པ་ཡང་དག་བསྟེན་པའི་འདུ་ཤེས་སྐྱེད་སྲིང་། རང་ངོས་བདེ་ཐང་གི་དོ་དམ་ནུས་པ་ཆེར་གཏོང་བཅས་བྱས་ཏེ“ནད་མེད་ཚེ་སྔོན་འགོག་དང་། ནད་ཕོག་ཚེ་སྨན་བཅོས”ཐུབ་པར་བྱས་ཡོད།

    “ད་ཐེངས་གཟུགས་པོ་བརྟག་དཔྱད་བྱས་པ་ལས་ང་ཚོར་ཕན་ཆེན་པོ་ཐོགས་བྱུང་། སྔོན་ཆད་གཟུགས་པོར་བརྟག་དཔྱད་བྱེད་སྐབས་རླངས་འཁོར་ལ་བསྡད་ནས་སྤྱི་ལེ་300བསྐྱོད་དགོས་ལ། སྨན་རིན་ཡང་སྒོར་སྟོང་ཕྲག་ཁ་ཤས་སྤྲོད་དགོས་ཀྱི་ཡོད”ཅེས་རྡོ་དམར་མཐའ་མཚམས་མངགས་གཏོང་ཁང་གི་མཐའ་སྲུང་བ་དང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཅིག་ལྕོགས་ཉི་མ་པ་སངས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།