སེམས་ནུས་ཡོད་རྒུས་བདེ་འཇགས་འགན་ལེན་བྱེད། བརྩེ་བ་ཟབ་མོས་དམངས་སེམས་དྲོ་བར་འབད།
—— རྒྱལ་ཡོངས་ཀྱི་ཁག་གསུམ་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་དུ་སྐྱོད་པ།
ལྷ་ས་ནས་ཐོན་ཏེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་མལ་གྲོ་གུང་དཀར་རྫོང་གྲོང་དུ་འབྱོར་བ་དང་། དེ་ནས་ཤར་ངོས་སུ་སྤྱི་ལེ་20བསྐྱོད་རྗེས་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་དུ་འབྱོརགྱི་ཡོད། བཀྲ་ཤིས་སྒང་ཤང་གི་ས་བབ་མཐོ་ཚད་སྨི་3900ཡན་ཟིན་ཞིང་། དེ་ནི་འབྲོག་ལས་གཙོ་བོར་བྱེད་པའི་ས་མ་འབྲོག་གི་ཤང་ཞིག་རེད། རྒྱལ་ལམ་318དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་འགྲམ་དུ་ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1100ཙམ་ཡོད།
བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་2006ལོར་བཙུགས་པ་དང་2012ལོར་ཏང་ཀྲི་པུའུ་དངོས་སུ་བཙུགས། ད་ཆ་མི་དམངས་ཉེན་རྟོག་པ་10དང་། ལས་རོགས་ཉེན་རྟོག་པ་7 འགྲིམ་འགྲུལ་དོ་དམ་པ་2བཅས་ཡོད།
འདི་ནི་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་ཚེ་རིང་རྡོ་རྗེ(གཡོན་གྱི་གཉིས་པ)དང་མི་དམངས་ཉེན་རྟོག་པ་འབྲོག་རར་བསྐྱོད་ནས་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁ་བསླུས་འགོག་རྒོལ་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
འདི་ནི“དོན་གྲུབ”འདུམ་འགྲིག་ཁང་དུ་མི་དམངས་ཉེན་རྟོག་པ་དང་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་གྲོང་མིའི་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།
འདི་ནི་མི་དམངས་ཉེན་རྟོག་པས་རྐང་ལག་ཐང་པོ་མེད་པའི་མང་ཚོགས་ལ་རྐུབ་སྟེགས་འཁོར་ལོ་ཅན་མཁོ་འདོན་བྱེད་པ།
འདི་ནི་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་དམངས་ཕན་ཞབས་འདེགས་ཚོམས་ཆེན་ཡིན་པ།
ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་རྣམ་པ་གསར་པ་བཏོད།
བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་ལ་ཏང་ཡོན་16དང་གྲ་སྒྲིག་ཏང་ཡོན་1ཡོད། ཏང་ཀྲི་པུའུ་ཡིས་ཏང་འཛུགས་སྐྱོང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས“སྐད་ཆ་ཚིག་བཞི་དང་ཡིག་འབྲུ་བཅུ་དྲུག”གི་སྤྱིའི་བླང་བྱ་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱས་པ་མ་ཟད། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་སོགས་དང་ཟུང་འབྲེལ་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང“ཏང་འཛུགས་སྐྱོང+འཛུགས་གཏོད”ལས་དོན་གྱི་གཙོ་གནད་ལས་འགན་ཞིབ་ཚགས་སུ་བཏང་ཡོད། ཏང་ཀྲི་པུའུ་ཡིས་ཟླ་རེར་གཅིག་སྡུད་སློབ་སྦྱོང་ཐེངས་གཉིས་སྒྲིག་འཛུགས་བྱས་ཏེ། ཏང་ཀྲི་པུའུ་ཧྲུའུ་ཅིས་སློབ་སྦྱོང་ལ་སྣེ་ཁྲིད་དང་། ལས་ཐོག་ཏང་ཡོན་གྱིས་རྗེས་སྙེག་སློབ་སྦྱོང་། ལས་གནས་སུ་ལོག་མཁན་ཏང་ཡོན་ལ་སློབ་སྦྱོང་ཁ་གསབ། མཉམ་སྡེབ་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བཅས་ཀྱི་བྱེད་ཐབས་སྤྱད་ཡོད། 2021ལོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་ཐོབ་པ་དང་། 2022ལོར་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་མངགས་གཏོང་ཁང་གིས“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”དཔྱད་འདེམས་བྱེད་སྐབས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་ཐོབ་ཡོད། 2023ལོར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་བོད་ལྗོངས་ཀྱི་ཁག་གཉིས་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”གི་མཚན་སྙན་སྤྲད་པ་དང་རྒྱལ་ཡོངས་ཀྱི་ཁག་གསུམ་པའི“ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ལ་བདམས་ཡོད། མངགས་གཏོང་ཁང་དེ་2021ལོ་དང་2022ལོའི་ལོ་འཁོར་གྱི་ཤང་ཡོངས་ཀྱི་དམངས་འདོད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱེད་རིང་བཀྲ་ཤིས་སྒང་ཤང་གི་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་བློ་ཡིད་ཚིམ་ཚད་98%ཟིན་ཡོད།
ཞབས་འདེགས་དོ་དམ་གྱི་འགན་འཁྲིར་དམ་འཛིན་བྱས་ནས་བྱེད་ཐབས་གསར་པ་བཏོད།
བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཧུར་ཐག་བསྟར་ནས་ལས་སྒོའི་སྐར་ཁུང་བཏོད་པ་དང་། ལག་ཁྱེར་ཁྱིམ་ཚང་དུ་སྐྱེལ་བ། “དྲ་སྦྲེལ་དང་སྲིད་དོན་ཞབས་འདེགས་ཟུང་འབྲེལ”སོགས་དམངས་ཕན་བྱེད་ཐབས་ལག་བསྟར་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་དང་དམངས་འཚོར་དོ་ཁུར་ཚགས་ཚུད་བྱས་ཡོད། ཐེམ་ཐོ་བཟོ་བའི་ཐད་5+2ཀྱི་ཞབས་འདེགས་ཞུས་ནས་སྒོ་རྩར་ཐེམ་ཐོ་བཟོ་བ་དང་། སྒོ་རྩར་བསྐྱོད་ནས་ཐེམ་ཐོ་སྤྲོད་པ། འགྲིམ་འགྲུལ་ཁྲིམས་འགལ་བློ་འདྲི། བཅའ་ཁྲིམས་བློ་འདྲིའི་སྐར་ཁུང་གཉེར་བ་བཅས་བྱས་ཏེ་མང་ཚོགས་ཐེངས་མང་སྐྱོད་མི་དགོས་པ་བྱས་པར་བརྟེན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་སྟབས་བདེ་བྱུང་ཡོད། 2021ལོ་ནས་བཟུང་མངགས་གཏོང་ཁང་དེས་ཐེམ་ཐོ་བཟོ་བའི་དམངས་ཕན་བྱེད་ཐབས་ཁག་10བཏོན་པ་དང་ཐེམ་ཐོ་4000ལྷག་ཙམ་བཟོས་པར། ཞུ་གཏུག་རྒྱག་མཁན་བྱུང་མེད་ལ་ནོར་འཁྲུལ་ཡང་ཐོན་མེད་པ་དང་། ཕྱོགས་མི་ཐོ་འགོད་ཚད་100%ཟིན་ཡོད། ལོ་ལྟར་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཐེངས་50བྱེད་པ་མ་ཟད། ལོ་ལྟར་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཡོད་པའི་སྲིན་བུ་ལུང་གཞུང་འབྲོག་རར་བསྐྱོད་དེ་བཅའ་ཁྲིམས་དྲིལ་བསྒྲགས་དང་བདེ་འཇགས་ཞིབ་བཤེར་ཐེངས་10ལྷག་ཙམ་བྱས་པས་གོས་དར་30ཙམ་རག་ཡོད།
ཡུལ་བབ་དང་བསྟུན་ནས་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ་མ་དཔེ་གསར་པ་བཏོད།
བཀྲ་ཤིས་སྒང་ཤང་རྒྱལ་ལམ་318ལམ་རྒྱུད་དུ་གནས་པ་དང་ཉིན་ལྟར་སྒེར་འཁོར་དང་། རྐང་འཁོར། རྐང་ཐང་མར་སྐྱོད་མཁན་བཅས་ཀྱི་ཡུལ་སྐོར་བ་མང་པོ་ཡོད། བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གིས་ཆེད་མངགས་དམངས་ཕན་ཞབས་འདེགས་ས་ཚིགས་བཙུགས་ནས་ཡུལ་སྐོར་བར་རིན་པ་མི་དགོས་པར་ཆུ་འཁོལ་སྟེར་བ་དང་། གནས་སྐབས་ངལ་གསོ་རྒྱག་ཡུལ་མཁོ་འདོན། ལམ་ཐིག་དང་བཟའ་སྡོད་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད།
“དོན་གྲུབ”འདུམ་འགྲིག་ཁང་བཙུགས་པ་ནས་བཟུང་། “ཏང་སྲིད+མང་ཚོགས”ཀྱི་གཏན་འཇགས་སྡེབ་སྒྲིག་དང“ཆེད་བསྐོས་ཚན་ཁག+སྣ་མང”གི་སྟབས་བསྟུན་བྱེད་ཐབས་ལ་བརྟེན་ནས་ཤང་དང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་། དུད་སྦྲེལ་སྤྱི་མི། དྲ་མིག་ཅན་གྱི་དོ་དམ་པ། མང་ཚོགས་ཀྱི་འཐུས་མི་བཅས་ལ་བརྟེན་ནས་ཕྱོགས་མང་ནས་གསེད་བཀྲོལ་དང་། འདུམ་འགྲིག་གཏིང་ཟབ། ཡུན་རིང་སྲ་བརྟན་བཅས་བྱས་ཡོད། “དོན་གྲུབ”འདུམ་འགྲིག་ཁང་བཙུགས་ནས་ལོ་2སོང་རིང་རྒྱུན་གཏན་གྱི་རྩོད་གཞི་ཐེངས་400ཙམ་གྲལ་བཤེར་བྱས་པ་དང་རྩོད་གཞི་67བརྟག་དཔྱད་བྱས་ནས་འདུམ་འགྲིག་བྱེད་ཚད་97%ཟིན་ཡོད།