དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས། ས་ཁུལ(གྲོང་ཁྱེར)ཁག་གི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་ཉན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་གཏོང་སྐུལ་སྤེལ་བྱས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། སྤྱོད་ཚུལ་ཏན་ཏིག་མེད་པ་དང་དོན་འཁྱོལ་བྱེད་ཤུགས་མི་འདང་བ་སོགས་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མཐུད་བརྟན་དུ་བཏང་ནས། ནན་གཙོ་བོར་མངོན་པ་དང་དམ་ནན་མཐར་ཕྱིན་བྱས་ཏེ། ཡ་མེད་སྒྲིག་འགལ་གྱི་བྱེད་སྤྱོད་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་ལས་འཛེམས་ཟོན་སྤུ་ཙམ་ཡང་མི་བྱེད་པ་དང་། བསྐྱར་ཟློས་རང་བཞིན་དང་ངན་རེངས་རང་བཞིན་དང་། ཕྱི་ཚུལ་སྒྱུར་བ་ལས་ནང་དོན་མི་སྒྱུར་བ། མངོན་མིན་མངོན་མེད་བཅས་ཀྱི་གནད་དོན་ལ་བརྟག་དཔྱད་ཞིབ་ཕྲ་བྱེད་པ་དང་གནད་སྨིན་ཡོ་བཅོས་བྱས་ཏེ། མིང་འདོན་དང་། བརྡ་ཁྱབ། དམར་འདོན་བཅས་བྱེད་པར་མཉམ་སྒུལ་དམ་འཛིན་ཡག་པོ་བྱེད་དགོས། “རུལ་སུངས་ཐད་ཀྱི་བྱེད་མི་ཆོག་པ་གསུམ”བསྲང་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས“འགག་རྩའི་ཉུང་ཤས”དང་ལྷག་དོན་དུ“འགོ་གཙོ་དང་པོར”དམ་པོར་དམིགས་ནས། ཐོག་མཐའ་བར་གསུམ་དུ་རུལ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཆབ་སྲིད་ཁོར་ཡུག་གཙང་དུ་གཏོང་བ་སོགས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོ་ཡག་པོ་སྤྱོད་པར་དམིགས་ནས། ཉེ་འགྲམ་གྱི་བྱ་བ་སྤྱད་དེ་ཉེ་འགྲམ་གྱི་མི་ལ་སློབ་གསོ་བརྒྱབ་སྟེ་ད་ལོའི་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།