ལྷ་ས་མཐོ་གསར་ཁུལ་གྱིས།
འདི་ལོའི་ལོ་འཁོར་གྱི་སྙན་སེང་མ་ཞུས་པའི་ཆད་གཅོད་བརྡ་ཐོ་ཐོག་མ་ཁྲིམས་ལྟར་སྤྲད་པ།
ཉེ་ཆར་ལྷ་སའི་མཐོ་གསར་ཁུལ་གྱིས་ཁྲོམ་རའི་བྱེད་པོའི་ཡིད་རྟོན་ལྟ་འདོམས་མ་ལག་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་2022ལོའི་ལོ་འཁོར་གྱི་སྙན་སེང་ཞུས་མེད་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་ལ་གྲལ་བཤེར་བྱས་པ་རེད།
གྲལ་བཤེར་བྱས་པ་བརྒྱུད། ལྷ་སའི་མཐོ་གསར་ཁུལ་གྱི་ཚོང་དུད་ཅིག་གིས་དུས་བཀག་ནང་2022ལོའི་ལོ་འཁོར་གྱི་སྙན་སེང་ཞུས་མེད་པ་ཤེས་རྟོགས་བྱུང་བ་རེད། ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་སྲོལ་ཡིག་ལག་བསྟར་ཞིབ་སྲོལ》གྱི་དོན་ཚན་བདུན་ཅུ་པའི“ཁྲོམ་རའི་བྱེད་པོས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་དུས་བཀག་ནང་སྙན་ཞུ་ཡོངས་བསྒྲགས་སམ་གོང་ཞུ་བྱས་མེད་ཚེ་ཐོ་འགོད་ལས་ཁུངས་ཀྱིས་གཉེར་སྐྱོང་རྒྱུན་གཏན་མིན་པའི་མིང་གཞུང་ནང་བཅུག་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་ཆོག་པ”དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག》གི་དོན་ཚན་ཞེ་དགུ་པའི“ཐོ་འགོད་ལས་ཁུངས་ཀྱིས་དངུལ་ཆད་དངུལ་གྲངས་གཏན་འཁེལ་བྱེད་སྐབས་ཁྲོམ་རའི་བྱེད་པོའི་རིགས་དང་། གཞི་ཁྱོན། ཁྲིམས་འགལ་གནས་ཚུལ་སོགས་རྒྱུ་རྐྱེན་ལ་བསམ་གཞིག་བྱེད་དགོས་པ”སོགས་གཞིར་བཟུང་། འདི་ལོའི་ཁྲོམ་རའི་བྱེད་པོས་ལོ་འཁོར་གྱི་སྙན་སེང་ལས་འགན་དུས་བཀག་ནང་སྒྲུབ་མེད་པའི་ཆད་གཅོད་བརྡ་ཐོ་ཐོག་མ་ཁྲིམས་ལྟར་སྤྲད་པ་དང་། ཀུང་སི་དེའི་གཉེར་སྐྱོང་པར་སྲིད་འཛིན་དངུལ་ཆད་སྒོར་3000བཅད་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་དང་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་རེད།