དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་ཡིད་རྟོན་སླར་གསོའི་དཔང་ཡིག་ཐོག་མ་དེ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    ཉེ་ཆར་ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་ཡིད་རྟོན་སླར་གསོའི་དཔང་ཡིག་ཐོག་མ་དེ་སྤྲད་པ་དང་ལག་བསྟར་བྱ་ཡུལ་ལི་ཆེ་གེ་མོས་ཁྲིམས་དཔོན་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ལག་བསྟར་རེ་ཞུ་བྱེད་མཁན་བོད་ལྗོངས་ཀུང་སི་ཞིག་དང་ལག་བསྟར་བྱ་ཡུལ་ལི་ཆེ་གེ་མོའི་དབར་བོགས་གཏོང་གན་རྒྱ་ཞིག་ལ་རྩོད་གཞི་བྱུང་ནས་ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱ་ཡུལ་ལ་བོགས་གཏོང་མ་དངུལ་སྒོར་330000སྤྲོད་དགོས་པའི་ཁྲིམས་ཐག་བཅད་མོད། ལི་ཆེ་གེ་མོས་དུས་ཐོག་ཏུ་ལག་བསྟར་མ་བྱས་པའི་རྐྱེན་གྱིས་བོད་ལྗོངས་ཀྱི་ཀུང་སི་དེས་ཁྲིམས་ཁང་ལ་བཙན་ཤེད་ངང་ལག་བསྟར་བྱ་རྒྱུའི་རེ་ཞུ་ཕུལ་ཡོད། འོན་ཀྱང་ལི་ཆེ་གེ་མོས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བརྡ་ཐོའི་ནང་གཏན་འབེབས་བྱས་པའི་དུས་ཚོད་ལྟར་བོགས་དངུལ་སྤྲོད་པའི་འོས་འགན་སྒྲུབ་མེད་སྟབས་ཁྲིམས་ཁང་གིས་ལི་ཆེ་གེ་མོ་ཡིད་རྟོན་ཤོར་བའི་མིང་ཐོའི་ནང་བཅུག་པ་དང་འབྲེལ་དེས་འཛད་སྤྱོད་མཐོ་པོ་བྱེད་པའི་བྱེད་སྤྱོད་ལ་ཚོད་འཛིན་བྱས་པ་རེད། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་དུ་བཅུག་རྗེས་ལི་ཆེ་གེ་མོའི་འཚོ་བའི་གང་ས་ཅི་ཐད་ལ་ཚོད་འཛིན་ཕོག་པ་དང་དངུལ་ཁང་ནས་དངུལ་བུན་གཡར་བ་དང་ཀུང་སི་ཐོ་འགོད་བྱེད་པ་སོགས་ཡིད་རྟོན་ཤོར་བའི་དབང་གིས་གེགས་བར་སྣ་ཚོགས་འཕྲད་མཐར་ལི་ཆེ་གེ་མོས་རང་ཉིད་ཀྱི་ནོར་འཁྲུལ་ངོས་འཛིན་ཐུབ་ནས་རང་འགུལ་ངང་ཁྲིམས་ཁང་དུ་བུ་ལོན་འཇལ་བར་བསྐྱོད།

    གྱོད་ཐག་ཆོད་རྗེས་ལི་ཆེ་གེ་མོས་ཁྲིམས་ཁང་ལ་ཡིད་རྟོན་སླར་གསོའི་རེ་ཞུ་ཕུལ་བ་དང་ལི་ཆེ་གེ་མོས་རང་འགུལ་ངང་ཡིད་རྟོན་ཤོར་བའི་བྱེད་སྤྱོད་ཡོ་བསྲང་བྱས་པ་མ་ཟད། ཕྱོགས་གཉིས་པོའི་དབར་འདུམ་འགྲིག་ཐུབ་པར་བསམ་གཞིག་བྱས་ཏེ་ཁྲིམས་ཁང་གིས་དེར་ཡིད་རྟོན་སླར་གསོའི་དཔང་ཡིག་སྤྲད་པ་དང་ལི་ཆེ་གེ་མོའི་ཡིད་རྟོན་ཤོར་བའི་ཉེས་མིང་མེད་པར་བཟོས་རྗེས་སླར་ཡང་སྤྱི་ཚོགས་ཀྱི་ཡིད་རྟོན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།