དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་གྱིས།

    ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་དོན་སྒྲུབ་གཉེར་རོགས་སྐྱོབ་ལྟེ་གནས་ཐོག་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-05

    དུས་རབས་གསར་པའི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་གྱི་དུས་བབ་གསར་པ་དང་དགོས་མཁོ་གསར་པ་དང་འཚམ་པར་བྱས་ནས་ན་སོ་དར་ལ་མ་བབས་པའི་གནོད་འཚེ་ཕོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་གི་ཕྱོགས་བསྡུས་སྲུང་སྐྱོང་མ་ལག་འཛུགས་སྐྱོང་ཧུར་ཐག་བྱ་ཆེད། ཉིན་ཤས་གོང་མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ས་ཁུལ་སྤྱི་བདེ་ཁྲུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མི་དམངས་སྨན་ཁང་བཅས་ཀྱི་སྣེ་ཁྲིད་དེ་བསྐྲུན་པའི་ས་ཁུལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་དོན་སྒྲུབ་གཉེར་རོགས་སྐྱོབ་ལྟེ་གནས་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    རོགས་སྐྱོབ་ལྟེ་གནས་དེ་ནི་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་120མྱུར་སྐྱོབ་ལྟེ་གནས་ཀྱི་བཞི་ཐོག་ཏུ་ཡོད་ཅིང་། ཞིབ་བཤེར་དཔང་ལེན་ཁུལ་དང་། འདྲི་རྩད་བརྟག་དཔྱད་ཁུལ། ཚོད་འཛིན་སེམས་གསོ་ཁུལ། ངལ་གསོ་སྒུག་སྡོད་ཁུལ་བཅས་བཞི་ལས་གྲུབ་ཅིང་། སྤྱིའི་ཁོར་ཡུག་དྲོ་སྐྱིད་དང་། བག་ཕེབས། གུ་ཡངས་བཅས་ཡོད་པས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་དང་མཐུན་ཡོད། འདྲི་རྩད་དཔང་ལེན་དང་། གཟུགས་པོ་བརྟག་དཔྱད། གོ་སྐོན་བློ་འགུཌ། ཁྲིམས་འཛིན་རོགས་སྐྱོབ། འགོག་ཟོན་སློབ་གསོ་སོགས་ཀྱི་བྱེད་ནུས་མང་པོ་གཅིག་ཏུ་འདུས་པར་བརྟེན། མྱུལ་ཞིབ་དཔང་ལེན་དང་སྲུང་སྐྱོང་རོགས་སྐྱོབ་ཀྱི་འབྲེལ་མཐུད་དམ་ཟབ་བྱུང་ཡོད།

    མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཁྲེན་ཡུང་ཅུན་གྱིས། མངའ་རིས་ས་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་དོན་སྒྲུབ་གཉེར་རོགས་སྐྱོབ་ལྟེ་གནས་བཙུགས་པ་དེས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་བསྒྲིལ་ནུས་ལྡན་བྱས་ནས་བཙན་གཡེམ་བྱས་པའི་ན་སོ་དར་ལ་མ་བབས་པའི་མི་ལ་སྔར་བས་དུས་ཐོག་དང་། ནུས་ལྡན། ཕྱོགས་ཡོངས་བཅས་ཀྱི“གཅིག་འཐུས་རྣམ་པའི”སྲུང་སྐྱོང་དང་རོགས་སྐྱོབ་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།