བོད་ཀྱི་ཁྲིམས་འཛིན་སྲིད་འཛིན་གྱི་དུག་གཅོད་ལས་དོན་སྤྱི་ཚོཌ་སུ་རྒྱ་ཆེར་གཏོང་བའི་སྤེལ་རེས་ཚོགས་འདུ་འཚོགས་པ།
ཉེ་ཆར། བོད་ཀྱི་ཁྲིམས་འཛིན་སྲིད་འཛིན་དུག་གཅོད་ལས་དོན་སྤྱི་ཚོགས་སུ་རྒྱ་ཆེར་གཏོང་བའི་ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་དུག་གཅོད(དྲག་སྐྱེད)མཉམ་འབྲེལ་མཛུབ་ཁྲིད་ས་ཚིགས་སུ་འཚོགས་པ་རེད།
བོད་ལྗོངས་སྟོད་ལུང་བཙན་ཤེད་ལོགས་བཀར་དུག་གཅོད་སུའོ་ཡིས་བོད་ཀྱི་དུག་གཅོད་ལས་དོན་སྤྱི་ཚོགས་སུ་རྒྱ་ཆེར་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུག་འགོག་སྤྱི་ཁྱབ་རུ་ཁག་དང་། ལྷ་ས་གྲོང་ཁྱེར་དུག་འགོག་ཉིང་ལག་རུ་ཁག ལྷ་ས་གྲོང་ཁྱེར་འོ་བརྒྱལ་ཐང་སྡེ་ཁུལ། རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།