དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་ལྗོངས་ཀྱི“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་ཐོག་མ་སྣེའུ་དབན་ཏ་ཐང་ཆེན་དུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    འདི་ནི་ཚོང་རའི་མོ་ཊ་འཇོག་སའི་འཛུལ་སྒོར་ཡོད་པའི་དྲན་སྐུལ་སྦྱར་ཡིག་ཡིན་པ།

    འདི་ནི་ཚོང་རར་སྦྱར་ཡོད་པའི་དྲན་སྐུལ་སྦྱར་ཡིག་ཡིན་པ།

    “སྐུ་ཁམས་བཟང་། འདི་ནི‘ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི’ཚོང་སྐོར་ཁུལ་ཡིན་པས། ཁྱེད་ཀྱིས་ཆང་རག་བཏུངས་ན་མོ་ཊ་མི་གཏོང་བ་དང་མོ་ཊ་བཏང་ན་ཆང་རག་མ་འཐུང་རོགས”ཕྱིས་སུ་གྲོང་མི་རྣམས་སྣེའུ་དབན་ཏ་ཐང་ཆེན་དུ་སླེབས་ཚེ་དྲན་སྐུལ་འདི་འདྲ་ཞིག་ཐོས་ངེས་རེད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱིས་སྣེའུ་དབན་ཏ་ཐང་ཆེན་དུ་བོད་ལྗོངས་ཀྱི“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་ཐོག་མ་དེར་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་གསར་འགོད་པས་སྣེའུ་དབན་ཏ་ཐང་ཆེན་དུ“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་གཏོད་པའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ་དང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་གཏོད་པའི་རྗེས་མཐུད་ལས་དོན་བཀོད་སྒྲིག་བྱས་པའི་སྐོར་ཤེས་རྟོགས་བྱས་པ་དང་། འཛད་སྤྱོད་པ་དང་ཚོང་པས“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་ལ་ངོས་འཛིན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ཉན་པ་ཡིན།

    ཁྲོམ་རའི་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་པས་འཛད་སྤྱོད་པས་མོས་བསྟོད་བྱས་པ།

    ཉེ་ཆར། གསར་འགོད་པ་སྣེའུ་དབན་ཏ་ཐང་ཆེན་དུ་སྐྱོད་སྐབས། མོ་ཊ་འཇོག་སའི་འཛུལ་སྒོ་དང་། ཐོན་སྒོ། སྐས་འཛེག་བཅས་སུ“ཆང་བཏུངས་ནས་མོ་ཊ་གཏོང་མི་ཆོག་པའི”དྲན་སྐུལ་སྦྱར་ཡིག་སྦྱར་ཡོད་པ་དང་། ཁྲོམ་རའི་གློག་རྡུལ་བརྙན་ཤེལ་དུའང“ཆང་བཏུངས་ནས་མོ་ཊ་གཏོང་བ་བཀག་འགོག་བྱེད་པའི”དྲིལ་བསྒྲགས་བརྙན་ལམ་སྟོན་གྱི་ཡོད་པ་དེར་གྲོང་མི་མི་ཉུང་བ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད་པ་ཤེས་བྱུང་།

    གྲོང་མི་སྐལ་བཟང་ནོར་བུས་ཉེ་ཆར་སྣེའུ་དབན་ཏའི་ཚོང་སྐོར་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ“ཆང་བཏུངས་ནས་མོ་ཊ་གཏོང་བ་བཀག་འགོག་བྱེད་པའི”ཉེན་བརྡ་སྦྱར་ཡོད་པའམ་ཡང་ན་དྲན་སྐུལ་ཐོས་ཀྱི་འདུག་པས་ཚང་མས་ཆང་བཏུངས་ནས་མོ་ཊ་གཏོང་བའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་ཚད་མཐོ་རུ་ཕྱིན་ཡོད་པས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད་ཅེས་གསར་འགོད་པར་བཤད། ཡང་ཁོང་གིས“ཆང་རག་བཏུངས་ནས་མོ་ཊ་མི་གཏོང་བ་ནི་རང་ཉིད་དང་མི་གཞན་ལ་འགན་འཁུར་བ་ཞིག་ཡིན་པས་སླད་ཕྱིན་ངས‘ཆང་རག་བཏུངས་ན་མོ་ཊ་མི་གཏོང་བ་དང་མོ་ཊ་བཏང་ན་ཆང་རག་མི་འཐུང་བ’བློ་ལ་བརྟན་པོར་བཅངས་ནས་མཉམ་དུ་འཛོམས་པའི་སྤུན་མཆེད་དང་གྲོགས་པོ་ཚོས་ཆང་རག་བཏུངས་རྗེས་མོ་ཊ་མི་གཏོང་བའི་ཁ་ཏ་བསླབ་བྱ་བྱས་ཏེ་ཆང་བཏུངས་ནས་མོ་ཊ་གཏོང་བ་དང་ར་བཟི་ནས་མོ་ཊ་གཏོང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་ཀྱི་ཡིན”ཞེས་བཤད།

    སྣེའུ་དབན་ཏ་ཐང་ཆེན་བཟའ་བཏུང་ཁུལ་གྱི་ཟ་ཁང་ཞིག་ཏུ་སྐྱོད་སྐབས་གསར་འགོད་པས་དངུལ་བསྡུའི་ལས་སྟེགས་སུ“ཡ་རབས་ངང་ཕྱིར་སྐྱོད་དང་ཚད་ལྡན་ངང་མོ་ཊ་འཇོག་པ”དང“ཆང་བཏུངས་ནས་མོ་ཊ་གཏོང་བ་བཀག་འགོག་བྱེད་པའི”དྲན་སྐུལ་སྦྱར་ཡོད་པ་མཐོང་བ་དང་། ཞབས་ཞུ་བ་ཚོས་ཀྱང་རང་འགུལ་ངང་ཆང་རག་འཐུང་མཁན་གྱི་མགྲོན་པོ་ཚོར་ཆང་རག་བཏུངས་ན་མོ་ཊ་མི་གཏོང་བ་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

    ཞབས་ཞུ་བ་དང་ལས་དོན་པ་ཡ་རབས་ཕྱིར་སྐྱོད་ཀྱི་དྲིལ་བསྒྲགས་པར་གྱུར་པ།

    མིག་སྔར། སྣེའུ་དབན་ཏ་ཡི་ཚོང་སྐོར་ཁུལ་གྱི་བཟའ་བཏུང་ཁེ་ལས་ཚང་མ“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་འཛུགས་པའི་བྱེད་སྒོར་ཞུཌ་ཡོད་པ་དང་། འཛད་སྤྱོད་པས་ཚོང་སྐོར་ཁུལ་གྱི་སྤྱི་པའི་སྒྲིག་བཀོད་དུ་ཆང་བཏུངས་ནས་མོ་ཊ་གཏོང་བར་བཀག་འགོག་བྱེད་པའི་དྲན་སྐུལ་སྦྱར་ཡིག་མཐོང་ཐུབ་པ་མ་ཟད། ཟ་ཁང་གི་མངོན་གསལ་དོད་སར་ཡང་འབྲེལ་ཡོད་དྲན་སྐུལ་གྱི་ནང་དོན་མཐོང་ཐུབ།

    སྣེའུ་དབན་ཏ་ཐང་ཆེན་ནི་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་གཅིག་སྡུད་ཁུལ་ཞིག་ཡིན་ལ་ཆང་བཏུངས་ནས་མོ་ཊ་གཏོང་བའི་གནས་ཚུལ་ཐོན་སླ་བའི་ཁུལ་ཁོངས་ཤིག་ཀྱང་ཡིན་པས། ད་རེས་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་སྣེའུ་དབན་ཏ་ཐང་ཆེན་དང་དོན་གྲུབ་དངུལ་རྩའི་གྲོང་གི“ཀྲུང་ཧྭའི་ལྗགས་སྨིན·བོད་ཀྱི་བྲོ་བ”ཞིམ་ཟས་ཁྲོམ་དུ་བོད་ལྗོངས་ཀྱི“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་ཐོག་མ་དེ་བཙུགས་ནས་ཟ་ཁང་གི་ཞབས་ཞུ་བ་ཆང་བཏུངས་ནས་མོ་ཊ་གཏོང་བར་བཀག་འགོག་བྱེད་པའི་ཡ་རབས་ཀྱི་འགྲིམ་འགྲུལ་དྲིལ་བསྒྲགས་པར་གྱུར་པར་བྱས་ཤིང་། ཁོ་ཚོས་རྒྱ་ཆེའི་འཛད་སྤྱོད་པར་ཚད་དང་མཐུན་པའི་ངང་ཆང་རག་འཐུང་བ་དང་ཆང་རག་བཏུངས་ན་མོ་ཊ་མི་གཏོང་བའི་འདུ་ཤེས་བརྒྱུད་བསྒྲགས་བྱས་པ་དེས་ཆང་བཏུངས་ནས་མོ་ཊ་གཏོང་བར་བཀག་འགོག་བྱེད་པའི་རྣམ་པ་ཟབ་མོ་བཏོད་པ་དང་། ཆང་བཏུང་བཅོས་སྒྲིག་གི་ཁོར་ཡུག་ཡག་པོ་ཆཌ་པ། འཛད་སྤྱོད་པས་ཆང་བཏུངས་ནས་མོ་ཊ་གཏོང་བའི་གནོད་འཚེར་ངོས་འཛིན་དང་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་གཏོང་བ་བཅས་ལ་ཕན་ཐོགས་ནས་རང་འགུལ་་ངང་ཆང་རག་བཏུངས་ན་མོ་ཊ་མི་གཏོང་བ་དང་མོ་ཊ་བཏང་ན་ཆང་རག་འཐུང་གི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།