དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲིད་སྟོན་གྱི་ནུས་པ་གང་ལེགས་བཏོན་ནས་ཆང་བཏུངས་ནས་མོ་ཊ་གཏོང་བར་བཀག་འགོག་བྱེད་པ་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱི་ཏ་ཏུའེ་ཀྲང་ཚུལ་ཁྲིམས་སྤེན་པས་ད་རེས་ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཏིར་ཏིར་གླ་འཁོར་ཚབ་གཏོང་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། སྣེའུ་དབན་ཏ་རུ་བོད་ལྗོངས་ཀྱི“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”ཚོང་སྐོར་ཁུལ་ཐོག་མ་དེ་བཙུགས་པ་དེའི་དམིགས་ཡུལ་ནི་ཚོང་པ་དེ་བས་མང་བ“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པ”འཛུགས་གཏོད་ཀྱི་བྱེད་སྒོར་ཞུགས་པར་སྐུལ་ཁྲིད་བྱས་ནས་དཔེ་སྟོན་ཁྲིད་སྟོན་དང་། གནད་གཅིག་གིས་ཁྱོན་ཡོངས་ཀྱི་སྣེ་ཁྲིད་པ། ཁྱབ་འགྱེད་སྐུལ་ཁྲིད་བཅས་བྱས་པ་བརྒྱུད་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བཏོད་ནས་གྲོང་མི་དེ་བས་མང་བས་ཆང་བཏུངས་ནས་མོ་ཊ་གཏོང་བའི་གནོད་འཚེའི་རང་བཞིན་ངོས་འཛིན་ཐུབ་པ་དང་ཆང་བཏུངས་ནས་མོ་ཊ་གཏོང་བའི་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་རང་འགུལ་ངང་གཏན་འགོག་བྱེད་པ་དེ་རེད་ཅེས་བཤད།

    “‘ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི’ཚོང་སྐོར་ཁུལ་བཙུགས་པ་དེས་མིག་སྔའི་ས་ཁོངས་འདིར་ཆང་རག་བཏུང་ནས་མོ་ཊ་གཏོང་མཁན་གཅིག་ཀྱང་མི་ཐོན་པ་མཚོན་གྱི་མེད་པར། ཉེན་རྟོག་པ་དང་ཁེ་ལས་དང་ཉེན་རྟོག་པ་དང་མི་དམངས་བཅས་ཀྱིས་མཉམ་དུ་སྐྲུན་པའི་ཆང་བཏུངས་ནས་མོ་ཊ་གཏོང་བར་བཅོས་སྒྲིག་དང་སྔོན་འགོག་བྱེད་པའི་རྣམ་པ་གསར་པ་བཏོད་དེ་ཆང་བཏུངས་ནས་མོ་ཊ་གཏོང་རིགས་བཀག་འགོག་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་ནས་ཆང་བཏུངས་ནས་མོ་ཊ་གཏོང་རིགས་བཀག་འགོག་བྱེད་པ་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བར་བྱ་ཆེད་རེད”ཅེས་ཚུལ་ཁྲིམས་སྤེན་པས་བཤད།

    “ཆང་བཏུངས་ནས་མོ་ཊ་མཁན་མེད་པ”ནི་འབོད་ཚིག་དང་དམིགས་ཚད་ཙམ་མ་ཡིན་པར་དེ་ནི་ལག་ལེན་དང་བྱ་སྤྱོད་ཅིག་དེ་བས་ཀྱང་རེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱིས“ཆང་བཏུངས་ནས་མོ་ཊ་གཏོང་མཁན་མེད་པའི”འཛུགས་གཏོད་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཚོང་སྐོར་ཁུལ་ཉེ་འཁོར་གྱི་འགྲོ་ལམ་དུ་ཆང་བཏུངས་ནས་མོ་ཊ་གཏོང་བར་བཀག་འགོག་བྱེད་པའི་དྲིལ་བསྒྲགས་དང་གཅིག་སྡུད་བཅོས་སྒྲིག་བྱ་སྤྱོད་རྒྱུན་དུ་སྤེལ་བ་དང་། དུས་ཡུན་རིང་པོར་ཉེན་རྟོག་པ་མངགས་ནས་དུས་ཚོད་དང་ས་གནས་ཀྱི་དབྱེ་བ་མེད་པར་ཆང་བཏུངས་ནས་མོ་ཊ་གཏོང་བའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་དྲིལ་བསྒྲགས་སྔོན་ལ་བྱེད་པ་དང་དམ་བསྒྲགས་གཟབ་ནན་གྱི་རྣམ་པ་བཏོད་པ། རྒྱ་ཆེའི་འགྲིམ་འགྲུལ་ལ་ཞུགས་མཁན་ཚོས“ཆང་རག་བཏུངས་ན་མོ་ཊ་མི་གཏོང་བ་དང་མོ་ཊ་བཏང་ན་ཆང་རག་མི་འཐུང་བའི”བདེ་འཇགས་ངང་མོ་ཊ་གཏོང་བའི་སྒྲིག་སྲོལ་རང་རྟོགས་ངང་བརྩི་བ་བཅས་བྱས་ཏེ། ཞི་མཐུན་དང་། གོ་རིམ་ལྡན་པ། བདེ་འཇགས། ཤར་གཏོང་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་གཏོད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།