དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་གིས།

    མཉམ་སྤྱོད་གློག་གསོག་འབོ་སྤྱད་དེ་ཁ་བསླུས་རྒྱག་མཁན་ཞིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་གིས་ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉེས་དོན་གྱོད་སྒྲུབ་མི་སྣ་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་མཉམ་སྤྱོད་གློག་གསོག་འབོའི་ཁ་བསླུས་རྒྱག་སྟངས་གསར་པའི་གྱོད་གཞི་ཐོག་མ་དེ་རྩད་ཆོད་དེ་ཁྲིམས་འགལ་ཉེས་གསོག་དོགས་ཅན་1བཟུང་བ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11ཚེས་6ཉིན་གྱི་སྔ་དྲོ་ཀུན་བདེ་གླིང་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་ལ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཉི་ཆེ་གེ་མོས་ཁྲིམས་འགལ་བ་ཞིག་གིས་ཀུང་སིའི་ལས་དོན་པར་བརྫུས་ནས་ལྷ་ས་གྲོང་ཁྱེར་དུ་མཉམ་སྤྱོད་གློག་གསོག་འབོ་ཡོད་པའི་ཟ་ཁང་དང་ཚོང་ཁང་སོགས་སུ་བསྐྱོད་དེ། མཉེན་ཆས་སྲུང་སྐྱོང་དང་གསར་བརྗེས་ལ་ཁ་གཡར་ནས་ཚོང་ཁང་གི་བདག་པོའི་ལག་ཐོགས་ཁ་པར་ནས་མཉམ་སྤྱོད་གློག་གསོག་འབོ་ཡི་APPབཀོལ་སྤྱོད་བྱས་ཏེ་དངུལ་ལེན་ར་སྤྲོད་ཨང་གྲངས་བླངས་པ་དང་འབྲེལ། APPནང་གི་དངུལ་རྣམས་དངུལ་ལེན་ར་སྤྲོད་ཨང་རྟགས་བརྒྱུད་ཁྲིམས་འགལ་བའི་རྩིས་ཁྲར་བསྒྱུར་གྱི་འདུག་ཅེས་གྱོད་དོན་སྙན་སེང་ཞུས།

    གྱོད་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་གྱོད་དོན་སྙན་སེང་ཞུ་མཁན་དང་མཉམ་དུ་ཁོངས་གཏོགས་ཁུལ་དུ་མཉམ་སྤྱོད་གློག་གསོག་འབོ་ཡོད་པའི་ཚོང་ཁང་དང་ཟ་ཁང་སོགས་སུ་འབྲེལ་ཡོད་བརྟག་དཔྱད་དང་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཚོང་པ་མང་པོས་དེ་སྔ་ཀུང་སི་ཞིག་གི་ལས་དོན་པ་ཡིན་ཟེར་མཁན་སྐྱེས་པ་ཞིག་གིས་ལག་ཐོགས་ཁ་པར་གྱི་མཉམ་སྤྱོད་གློག་གསོག་འབོ་ཡི་APPབཀོལ་སྤྱོད་བྱེད་མྱོང་ཡོད་ཅེས་བཤད།

    མི་དམངས་ཉེན་རྟོག་པས་གྱོད་གཞི་དེ་ནི་ཁ་བསླུས་རྒྱག་སྟངས་གསར་པའི་གྱོད་གཞི་ཞིག་ཡིན་པར་གཏན་འཁེལ་རགས་ཙམ་བྱས་ཤིང་། གྱོད་གཞིའི་གནས་ཚུལ་རྙོག་འཛིང་ཆེ་ཙམ་ཡོད་པས་གྱོད་གཞི་རྩད་ཆོད་གང་མགྱོགས་ཐུབ་ཆེད། ཀུན་བདེ་གླིང་མངགས་གཏོང་ཁང་གི་གྱོད་སྒྲུབ་རུ་ཁག་གིས་ཀུན་བདེ་གླིང་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཉེས་དོན་གྱོད་སྒྲུབ་པ་དང་མཉམ་དུ་གྱོད་གཞིར་བརྟག་དཔྱད་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་སྐལ་ཆེ་གེ་མོ་གཏན་འཁེལ་བྱས་པ་མ་ཟད། ཉིན་གཉིས་པའི་ཆུ་ཚོད་19ཡོལ་ཙམ་ལ་ཆུ་མིག་ལམ་གྱི་ཟ་ཁང་ཞིག་ནས་ཁོ་པ་བཟུང་བ་རེད།

    མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་སྐལ་ཆེ་གེ་མོས་ཀུང་སི་ཞིག་གི་ལས་དོན་པར་བརྫུས་ནས་ལྷ་ས་གྲོང་ཁྱེར་གྱི་ཚོང་ཁང་ཁག་གཅིག་གི་སྦྱིན་བདག་གི་ལག་ཐོགས་ཁ་པར་སྤྱད་ནས་གློག་གསོག་འབོ་ཡི་APPབརྒྱུད་དངུལ་རྐུ་ལེན་བྱས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། དེ་དང་ཆབས་ཅིག་སྐལ་ཆེ་གེ་མོས་ད་དུང་2023ལོའི་ཟླ་6པ་ནས་ད་བར་བྱེད་ཐབས་དེ་སྤྱད་ནས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་བདེ་སྐྱིད་ལམ་དང་ཆུ་མིག་ལམ་སོགས་སུ་བསྐྱོད་ནས་གྱོད་གཞི་66བསགས་ཏེ། ཚོང་པའི་ས་ནས་སྒོར་33261.77རྐུ་ལེན་བྱས་པའི་ཉེས་གསོག་གི་དོན་དངོས་ངོས་ལེན་ཞུས་པ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་སྐལ་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།