དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་པའི་དངུལ་གཅིག་སྡུད་ཐོག་ཕྱིར་སློག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ཉེ་ཆར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་པའི་མ་དངུལ་གཅིག་སྡུད་ཕྱིར་སློག་མཛད་སྒོ་འཚོགས་ནས། ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་64ལྷག་ཙམ་གནོད་འཚེ་ཕོག་མཁན་གྱི་ལག་ཏུ་སྤྲད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་10ལྷག་ཙམ་ལ་ཁ་བསླུས་ཐེབས་པའི་དངུལ་རག་རྗེས་སེམས་འགུལ་ཆེན་པོ་ཐེབས་ཏེ་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་གོས་དར་ཕུལ་ནས་སྤྱི་བདེའི་མི་དམངས་ཉེན་རྟོག་པས་མི་སེར་ལ་སྲུང་སྐྱོང་དང་། ནུས་ཤུགས་ཡོད་རྒུས་གྱོད་གཞི་རྩད་ཆོད། བརྐུས་ནོར་ཕྱིར་ལེན། རང་འགན་གཙང་སྒྲུབ་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ལོ་སྟོད་དུ་ཁ་བསླུས་འགོག་རྒོལ་ལས་དོན་དེ་སྤྱི་ཡོངས་ཀྱི་ལོ་ཧྲིལ་པོའི་གཙོ་གནད་ལས་ཀའི་འཆར་གཞིའི་ནང་བཅུག་པ་མ་ཟད། འབྲེལ་ཡོད་ལས་དོན་ཚོགས་འདུ་ཐེངས་མང་འཚོགས་ཡོད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་30ལ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་རྗེས་འདེད་བྱས་པས་ལོ་ཧྲིལ་པོར་གློག་འཕྲིན་ཁ་བསླུས་གྱོད་གཞི་ཁག་7རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་7བཟུང་བ། མང་ཚོགས་ལ་གྱོང་གུན་སྒོར་ཁྲི་64ལྷག་ཙམ་མི་ཕོག་པ་བྱས་པས། གྱོད་གཞི་ཐག་གཅོད་ཐུབ་ཚད་མཐོ་རུ་ཕྱིན་པ་དང་། ཉེས་གསོག་དོགས་ཅན་འཛིན་བཟུང་ཐུབ་ཚད་མཐོ་རུ་ཕྱིན་པ། གྱོད་གཞི་ཐོན་ཉུང་དུ་ཕྱིན་པ་བཅས་ཀྱི“གཉིས་འཕར་གཅིག་ཆག”གི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    གོམ་སྟབས་རྗེས་མར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་རྡུང་རྡེག་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ“གྱོད་གཞི་མང་ཙམ་རྩད་གཅོད་པ་ལས་གྱོད་གཞི་ཉུང་ཙམ་ཐོན་པ་དགའ་དང་གྱོང་གུན་མི་ཕོག་པ་མང་པོ་བྱེད་པ་ལས་གྱོང་གུན་ཉུང་ཙམ་ཕོག་ན་དགའ”ཡི་རྩ་དོན་མཐའ་འཁྱོངས་བྱས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་སྔོན་འགོག་དང་རྡུང་རྡེག་གི་ལས་དོན་རྒྱུན་མཐུད་ངང་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་ནས། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བརྐུས་ནོར་ཚུར་བླངས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་མཐའ་མའི་འཛིང་རགས་ཡག་པོ་བསྲུངས་ནས། མི་དམངས་ཉེན་རྟོག་པས་དཀའ་སྤྱད་ལས་སྒྲུབ་བྱས་ནས་བྱུང་བའི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱིས་ཡར་འབྲོག་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་བདེའི་སྟོབས་ཤུགས་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།