དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣེའུ་ཁུལ་གསར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སློབ་གྲྭའི་ཁ་ལག་གཅིག་སྡུད་མཁོ་འདོན་ ཚན་པར་ཆེད་དོན་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སློབ་གྲྭའི་དགེ་སློབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་མ་ཐོན་སྔོན་འགོག་ནུས་ལྡན་བྱ་ཆེད། ཉེ་ཆར་སྣེའུ་ཁུལ་གསར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཁ་ལག་གཅིག་སྡུད་མཁོ་འདོན་ཚན་པར་ཆེད་དོན་ཞིབ་བཤེར་བྱས་ནས། བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད།

    བྱེད་སྒོ་སྤེལ་རིང་། ཞིབ་བཤེར་བྱེད་མཁན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་ཟ་ཁང་དུ་བསྐྱོད་ནས་ཟ་ཁང་གི་སྒྲིག་བཀོད་དང་སྒྲིག་ཆས་དང་། ལས་སྣོན་ཁོར་ཡུག ཟོག་འདྲེན་ཞིབ་དཔྱད་དང་རྩིས་ཁྲ་ཐོ་འགོད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ལས་དོན་མི་སྣས་ཁ་ལག་བཟོ་བ་དང་། ལས་སྣོན། གསོག་ཉར་སོགས་བྱ་ཡུལ་ལ་གཙང་སེལ་དང་དུག་སེལ་བྱེད་པར་མཛུབ་ཁྲིད་བྱས་ནས། གཉེར་སྐྱོང་པས་བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་ལག་ལེན་ནན་པོ་བསྟར་བར་སྐུལ་ལྕག་དང་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ནན་པོ་བྱས་ཏེ། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཆེད་དོན་བྱ་སྤྱོད་བརྒྱུད་སློབ་གྲྭའི་ཁ་ལག་གཅིག་སྡུད་མཁོ་འདོན་ཚན་པ་5ལ་ཞིབ་བཤེར་བྱས་ནས། ཁྲིམས་སྒྱུར་པ་མི་ཐེངས་4མངགས་པར་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཤེས་རྟོགས་བྱུང་མེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།