དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ལ་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་38.5ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ཉེ་ཆར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ཁ་བསླུས་འགོག་རྒོལ་ལྟེ་གནས་སུ“སེམས་བཟང་ཅན་གྱི་ཉེན་རྟོག་པས་དམངས་ལ་རོགས་རམ་བྱེད། འཕྲལ་རྒོལ་བྱ་སྤྱོད་སྤེལ་ནས་གྱོད་གཞི་མྱུར་དུ་སྒྲུབ”དང“ཉེས་དོན་ཉེན་རྟོག་ཟིལ་རྔམ་ཆེ། གྱོད་གཞི་སྒྲུབ་པར་ཐོག་ལྟར་མྱུར”ཞེས་པའི་གོས་དར་གཉིས་འབྱོར་ཡོད།

    2022ལོའི་ཟླ་བཅུ་གཅིག་པར་ལི་ཆེ་གེ་མོས་གནས་ཚུལ་སྙན་སེང་ཞུས་པ་ལྟར་ན། ངས་ཁ་པར་ལ་རྩེད་མོ་རྩེ་སྐབས་གློ་བུར་དུ་ཆ་རྒྱུས་མེད་པའི་མི་ཞིག་གི་གཏོང་སྤྲོད་འབོའི་གྲོགས་ཚོཌ་ལ་བཅུག་བྱུང་། ཚོགས་པའི་ནང་གི་སྦྲེལ་མཐུད་ཞིག་ལ་མནན་ནས“ལུང་ཧུའུ་APP”ཁ་པར་དུ་ཕབ་པ་མ་ཟད། APPདེའི་ཐོག་བྲིན་རྫུའི་ལས་འགན་བསྒྲུབས་པ་ཡིན། མཐར་ང་ལ་སྒོར་ཁྲི་135ལྷག་ཙམ་མགོ་སྐོར་ཐེབས་བྱུང་།

    གནས་ཚུལ་སྙན་སེང་འབྱོར་རྗེས་ཁ་བསླུས་འགོག་རྒོལ་ལྟེ་གནས་རུ་འབྲིང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྩིས་ཁྲར་ཛ་དྲག་བཀག་སྡོམ་བྱས་པ་མ་ཟད། མ་དངུལ་གྱི་འགྲོ་ཁུངས་ལ་ཞིབ་བཤེར་བྱས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འབད་འཐབ་ཧུར་ཐག་བྱས་པ་བརྒྱུད། མིག་སྔའི་བར་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྒོར་ཁྲི་33.5བདེ་བླག་ངང་ལེན་རོགས་བྱས་པ་དང་འབྲེལ་གནོད་འཚེ་ཕོག་པའི་ལི་ཆེ་གེ་མོར་སྤྲད་ཟིན་ཡོད།

    2022ལོའི་ཟླ་བཞི་པར་པད་ཆེ་གེ་མོས་གནས་ཚུལ་སྙན་སེང་ཞུས་པ་ལྟར་ན། ང་ལ་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་རྗེས་ཕར་ཕྱོགས་ཀྱིས་གཏོང་སྤྲོད་འབོའི་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཡིན་ལུགས་བརྗོད་ནས་ང་ལ་དྲ་ཐོག་བསྐུར་མ་ཞིག་བོར་བརླག་སོང་འདུག དེས་ན་ང་ཚོས་སྐྱིན་ཚབ་ལེན་རོགས་བྱས་ཆོག་ཅེས་ཟེར་གྱི་འདུག ངས་ཕར་ཕྱོགས་ཀྱིས་བཤད་པ་ལྟར“གུན་གསབ་ལས་སྒོ”གཉེར་བ་མ་ཟད། ཕར་ཕྱོགས་ཀྱིས་བཤད་པ་བཞིན་དངུལ་བུན་སྣ་ཚོགས་ཀྱི་APPཁ་པར་དུ་ཕབ་ནས་དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་སྐབས། མཐར་དངུལ་སྒོར་ཁྲི་11ལྷག་ཙམ་མགོ་སྐོར་ཐེབས་བྱུང་།

    གནས་ཚུལ་སྙན་སེང་འབྱོར་རྗེས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་གྱོད་གཞི་དང་འབྲེལ་བ་ཡོད་པའི་རྩིས་ཁྲ་ཛ་དྲག་བཀག་སྡོམ་བྱས་པ་མ་ཟད། མ་དངུལ་གྱི་འགྲོ་ཁུངས་ལ་ཞིབ་བཤེར་ཡང་བྱས། མིག་སྔའི་བར་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྒོར་ཁྲི་5བདེ་བླག་ངང་ལེན་ཐུབ་ནས་གནོད་འཚེ་ཕོག་པའི་པད་ཆེ་གེ་མོར་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།