དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས“སྒར་ཁུལ་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྤེལ་བཞིན་པ།

    མེ་ཟོན་རུ་མིས་ནགས་ཚལ་ཁུལ་དུ་སྐོར་གཡེང་བྱེད་བཞིན་པ།

    ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཡག་པོ་སྒྲུབ་པ་དང་མེ་སྐྱོན་གྱི་འབྱུང་རྩ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་མཐའ་འཁྱོངས་བྱས་ཏེ། མེ་ཟོན་དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་བྱས་ནས་ཁོངས་གཏོགས་ཚན་པ་སྒྲིག་འཛུགས་ཀྱིས་མཛེས་ལྗོངས་ཁུལ་དང་། ཐང་ཆེན། སློབ་གྲྭ དེ་བཞིན་ནགས་ཚལ་མེ་ཟོན་གྱི་གཙོ་གནད་ས་ཁོངས་བཅས་སུ་མེ་ཟོན་དྲིལ་བསྒྲགས་དང་། ས་ཚིགས་ཞིབ་བཤེར། སྒྲིག་ཆས་ཁྱེར་ནས་སྐོར་ཞིབ་སོགས་ཀྱི་ལས་དོན་སྤེལ་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད། མཛོ་སྒང་རྫོང་གི་ནགས་ཚལ་མེ་ཟོན་རུ་འབྲིང་གིས“སྒར་ཁུལ་སྒོ་དབྱེའི་ཉིན་མོའི”བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྫོང་སློབ་ཆུང་གཉིས་པའི་དགེ་སློབ་70ལྷག་ཙམ་གདན་དྲངས་ནས་སྒར་ཁུལ་དུ་ལྟ་སྐོར་སློབ་སྦྱོང་དང་། བར་ཐག་མེད་པའི་ངང་སྒར་ཁུལ་གྱི་འཚོ་བ་མྱོང་རོལ་དང་མེ་ཟོན་ཤེས་བྱ་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།