དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཁྲིམས་ལུགས་ཤེས་བྱ་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ནན་ཆའོ་ཁྲིམས་རྩོད་པའི་ལས་ཤག་གི་ཁྲིམས་རྩོད་པ་ཀུང་སིར་ཁྲིམས་ལུགས་ཤེས་བྱ་འཆད་ཁྲིད་བྱེད་པར་གདན་དྲངས་པ་རེད། དེའི་དམིགས་ཡུལ་ནི་ཀུང་སིའི་ལས་བྱེད་ལས་བཟོའི་ཁྲིམས་ལུགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་ནས་ཁྲིམས་སྐྱོང་ཅན་གྱི་ཁེ་ལས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ཁེ་ལས་ཀྱི་ཁྲིམས་བཞིན་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན་པ་རེད།

    འཆད་ཁྲིད་བྱེད་རིང་། ནན་ཆའོ་ཁྲིམས་རྩོད་པའི་ལས་ཤག་གི་ཁྲིམས་རྩོད་པས་གློག་འཕྲིན་ཁ་བསླུས་འགོག་ཟོན་དང་། དྲ་རྒྱའི་བདེ་འཇགས་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འབྲེལ་ཡོད་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ཉོ་ཚོང་གན་རྒྱ་སོགས་ལ་དམིགས་ནས་སྒྲོག་འགྲེལ་སྤེལ་རེས་བྱས་པ་རེད། དེའི་རིང་གསོན་ཉམས་དོད་པའི་གྱོད་དཔེ་དྲངས་ཏེ་གློག་འཕྲིན་ཁ་བསླུས་ལ་འགོག་ཟོན་ཇི་ལྟར་བྱེད་དགོས་པ་དང་། གན་རྒྱ་འཇོག་སྐབས་ཀྱི་ཆ་རྐྱེན། ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སྒྲིག་སྲོལ་སོགས་གཙོ་གནད་དུ་བཟུང་ནས་གསལ་འགྲེལ་བྱས་པ་རེད།

    ད་ཐེངས་ཀྱི་འཆད་ཁྲིད་བརྒྱུད་གློག་འཕྲིན་ཁ་བསླུས་དང་དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཀུང་སི་དེ་གའི་ལས་བྱེད་ལས་བཟོའི་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ཚང་མས་བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ཤེས་རྟོགས་གསལ་པོ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།