དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་བཅོས་སྒྲིག་དང་བཙོག་དངུལ་ཕྱིར་སློག་གི་ཚོགས་ཆེན་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    ཉེ་ཆར། གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་2022ལོ་ནས་2023ལོའི་བར་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་བཅོས་སྒྲིག་དང་བཙོག་དངུལ་ཕྱིར་སློག་གི་ཚོཌ་ཆེན་འཚོགས་ནས་རྩད་ཆོད་པའི་ཁ་བསླུས་གྱོད་གཞི་9ཡི་གྱོད་འབྲེལ་དངུལ་སྒོར་ཁྲི་30ལྷག་ཙམ་གཅིག་སྡུད་ཐོག་གནོད་འཚེ་ཕོག་མཁན་མང་ཚོགས་ལ་ཕྱིར་སློག་བྱས་པར་མང་ཚོགས་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    གོང་དཀར་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དམངས་ཀྱི་རེ་འདུན་ཡོད་ཚད་རང་ནུས་ཡོད་རྒུས་སྐོང་དགོས། གོམ་སྟབས་རྗེས་མར་མང་ཚོགས་ཀྱི་རེ་འདུན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས“གྱོད་གཞི་རྩད་གཅོད་དང་བཙོག་དངུལ་དེད་ལེན་ལས་དོན་མཉམ་དུ་སྤེལ་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་དམ་བསྒྲགས་ཀྱི་བྱ་ཐབས་སྤྱད་དེ་ཁ་བསླུས་ཐེབས་པའི་དངུལ་ནུས་ཤུགས་ཡོད་རྒུས་འདེད་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།