སྤྱི་བདེ་པུས《གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་ལ་ཆད་གཅོད་བསླབ་འདོམས་བྱེད་པའི་བྱ་ཐབས》སྤྱི་ཚོགས་ཐོག་བཀྲམ་པ།
གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། སྤྱི་བདེ་པུས་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་མཉམ་དུ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ཏེ《གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དེ་བཞིན་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་ལ་མཉམ་དུ་ཆད་གཅོད་བསླབ་འདོམས་བྱེད་པའི་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》གཤམ་ལ“ཆད་གཅོད་བསླབ་འདོམས་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)ཞེས་བསྡུ་རྒྱུའི་མ་ཟིན་ལེགས་སྒྲུབ་ཟིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཆད་གཅོད་བསླབ་འདོམས་བྱེད་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)ལ་ཁྱོན་དོན་ཚན་19ཡོད་པར་གཙོ་བོ་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཆད་གཅོད་བསླབ་འདོམས་བྱ་ཡུལ་ཁ་གསལ་བཟོ་བ། ཆད་གཅོད་བསླབ་འདོམས་ཀྱི་བྱ་ཐབས་ཞིབ་ཕྲ་བཟོ་བ། རིམ་པ་དབྱེ་ནས་ཆད་གཅོད་བསླབ་འདོམས་བྱེད་པ། ཆད་གཅོད་བསླབ་འདོམས་ཀྱི་གོ་རིམ་ཚད་ལྡན་བཟོ་བ། སྒྲིག་འཛུགས་དང་རྒྱུ་མཚན་ཞུ་འབུལ་ལ་ཞིབ་དཔྱད་བྱེད་པ་སོགས་ནང་དོན་6ཚུད་ཡོད་པ་རེད།