ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“གཙང་སེལ·དྲ་རྒྱའི་མ་རུང་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་བ།
2023ལོའི“གཙང་སེལ”གྱི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པའི་སྤྱིའི་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས་17ཉིན་ནས་བཟུང་། རྒྱལ་ཡོངས་ཁྱོན་དུ་དུས་ཡུན་ཟླ་བ་གཅིག་གི“གཙང་སེལ·དྲ་རྒྱའི་མ་རུང་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་བའི་གཏན་འབེབས་བྱས་པ་རེད།
ཆེད་དོན་བྱ་སྤྱོད་ཀྱིས་སྤྱི་ཚོགས་འབྲེལ་ལམ་དང་། བརྙན་ཐུང་། ཐད་གཏོང་སོགས་གཙོ་གནད་ལས་སྟེགས་ལ་དམིགས་ནས་མི་གཞན་གྱི་འདྲ་པར་སོགས་ཆ་འཕྲིན་དྲ་བར་བཀྲམ་ནས་འཇིགས་སྐུལ་དང་དམའ་འབེབས་སོགས་བྱེད་པའི་བྱེད་སྤྱོད་དང་། སྤྱི་ཚོགས་སུ་གླེང་མང་བའི་གནད་དོན་ལ་དམིགས་ཏེ་རྐང་བཙུགས་ནས་དམའ་འབེབས་གཏོང་བའམ་དཀྲོག་གཏམ་བཟོས་ནས་ཕར་རྒོལ་བྱེད་པ། དམིགས་བསལ་ཚོགས་སྤྱིར་མིང་ཆད་ངན་པ་བཟོ་བ། ས་ཁོངས་ཁ་གཏད་དུ་ལང་བར་ངན་སྐུལ་བྱེད་པ། PKདྲག་པོ་རྒྱག་པ་སོགས་ཐ་ཤལ་མ་རུང་བའི་ཐད་གཏོང་བྱེད་སྤྱོད་དང་། སྒྲིག་འཛུགས་ཡོད་པའི་སྒོ་ནས་མི་གཞན་ལ་མ་རུང་ཁོག་བཅངས་ཀྱིས་དམའ་འབེབས་གཏོང་བ་དང་མི་གཞན་ཐེར་འདོན་བྱེད་པ། དྲ་རྒྱར་གཏམ་ངན་བཟོ་བ། རྐང་བཙུགས་ནས་རྙོག་དྲ་བཟོ་བ། དྲ་བར་ཐལ་དྲགས་པའི་རྣམ་འགྱུར་སྟོན་པར་ངན་སྐུལ་བྱེད་པ་སོགས་ཕྱོགས་7ཐད་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་རྡུང་རྡེག་ཚ་ནན་གཏོང་གི་ཡོད་པ་རེད།