ནུབ་རྒྱུད(ཁྲུང་ཆིང)ཚན་རིག་གྲོང་གི་ཤེས་ལྡན་པའི་ཐོན་ལས་གླིང་གཉེར་འགོ་ཚུགས་པ།
ཟླ་11ཚེས་17ཉིན་ནུབ་རྒྱུད(ཁྲུང་ཆིང)ཚན་རིག་གྲོང་གི་ཤེས་ལྡན་པའི་ཐོན་ལས་གླིང་དངོས་སུ་གཉེར་འགོ་ཚུགས་ཤིང་། ཁག་དང་པོའི་ཤེས་ལྡན་པའི་རྣམ་གྲངས་10གཅིག་སྡུད་གན་རྒྱ་བཞག་ནས་བཅའ་སྡོད་བྱས་པ་རེད།
“དོ་དམ་སྒྲིག་སྲོལ་ལམ་སྲོལ་ཡག་པོ་ནི་ཤེས་ལྡན་པའི་ཐོན་ལས་གླིང་ཡར་རྒྱས་ལ་སྐུལ་མ་གཏོང་བའི‘ཕན་སྐུལ་གཏོང་ཆས’ལྟ་བུ་རེད” ཤེས་ལྡན་པའི་ཐོན་ལས་གླིང་གི་ཞབས་འདེགས་སྟོབས་ཤུགས་འགན་ལེན་བྱ་ཆེད། ཚན་རིག་གྲོང་གིས་སྲིད་ཇུས་ཤེས་པ་དང་། ཞབས་འདེགས་ཤེས་པ། ཤེས་ལྡན་པ་ཤེས་པ། རྣམ་གྲངས་ཤེས་པ་བཅས་ཀྱི་ཆེད་ལས་ཤེས་ལྡན་པའི་ཞབས་ཞུའི་དཔུང་ཁག་3བཏོད་ནས་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་དུས་འཁོར་ཡོངས་ལ་བུ་རྫི་ལྟ་བུ་དང་མཉམ་འགྲོག་ལྟ་བུའི་ཞབས་འདེགས་ཞུས་པ་རེད། དཔུང་ཁག་3པོ་ནི་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱི་ཤེས་ལྡན་པའི་ཞབས་འདེགས་ཀྲོན་ཡོན་དང་། “གཅིག་རོགས་གཅིག”གི་ཆུ་ཚོད་24རིང་ཤེས་ལྡན་པའི་འཚོ་བའི་ལས་ཀ་ཆུང་ཙག་གི་དགོས་མཁོ་སྒྲུབ་པའི“གསེར་ཁྱུང”ཤེས་ལྡན་པ་དོ་དམ་པ། དེ་བཞིན་ཆེད་ལས་ཀྱི་ཞབས་འདེགས་ཤེས་ལྡན་པའི་ལས་གཏོད་འཕེལ་རྒྱས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བར་གཉེར་བའི་དཔུང་ཁག་བཅས་ཚུད་པ་རེད།