དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དཔོན་དམག་གི་ལྟོ་གོས་དང་དྲོ་གྲང་ལ་བསམ་གཞིག་གིས་དངོས་འཛིན་དངོས་སྒྲུབ་དཔོན་དམག་གི་སེམས་སུ་ཟུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    འདི་ནི་ཐོན་ཤོག་དེའི་རྒྱབ་ཕྱོགས་འགན་ལེན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཡིན་པ།

    འཚོ་བའི་འགན་ལེན་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད་དཔོན་དམག་གི་དམག་སྦྱོང་དང་དམག་གྲབས་ཀྱི་སྤྲོ་སེམས་ཀྱང་སྔར་བས་འཕེལ་ཡོད་ཅེས་བོད་དམག་ཁུལ་ཁང་གི་ཐོན་ཤོག་ཅིག་གི་སྦྱོང་བརྡར་བྱ་ཡུལ་དུ་ཡིང་ཤོག་དེའི་འགོ་དཔོན་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཐོན་ཤོག་ཏང་ཨུད་ཀྱིས་གཞི་རིམ་ལ་སེམས་ནུས་ཡོད་རྒུ་བཏོན་ནས་སྤུས་ཚད་འགན་ལེན་དང་ཕན་འབྲས་ལེགས་སུ་བཏང་བ་ལས་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་ངོ་སྤྲོད་བྱས་པ་རེད།

    སྔ་ས་ནས་གྲལ་སྟར་འགྲིག་པོས་འཆར་འགོད་ཟིན་པའི་དྲོད་ཁང་ཆེན་པོར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་སྣ་མང་ཕུན་སུམ་ཚོགས་པའི་ཤིང་འབྲས་དང་སྔོ་ཚལ་ལས་གཞན། ད་དུང་ས་མཐོའི“རི་མོ་བས”བཞག་པའི་ལོ་ལེགས་ཀྱི་མཛེས་ལྗོངས་ཀྱང་ཡོད་པས་དཔོན་དམག་ཚོའི་སྐྱིད་སྣང་དང་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར། ཐོན་ཤོག་དེའི་ཏང་ཨུད་ཀྱིས“གཞི་རིམ་གོང་དུ་བཀུར་བ་དང་དམག་མི་ཨང་དང་པོར་འཇོག་པའི”འདུ་ཤེས་བརྟན་པོ་བཙུགས་ནས་དཔོན་དམག་གི་ལྟོ་གོས་དང་དྲོ་གྲང་ལ་སོགས་པའི་འཚོ་བའི་དཀའ་ངལ་ལ་བསམ་བློ་བཏང་ཞིང་། གློག་དང་། ཆུ། དྲོད་སྲུང་། སྨན་བཅོས། གསོ་རླུང་། གསང་སྤྱོད་བཅས“དཀའ་གནད་དྲུག”གི་གནད་དོན་ལ་དམིགས་ཏེ། རྒྱུ་དང་དངོས་པོ་རྒྱུན་ཆད་མེད་པར་གཞི་རིམ་འཛུགས་སྐྱོང་ལ་བཏང་ནས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་། དམག་མི་ཚོའི་འཐབ་སེམས་རྒྱུན་མཐུད་ཆེར་བསྐྱེད། དཔོན་དམག་གི་སྦྱོང་བརྡར་དང་དམག་གྲབས་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་པ་རེད།

    གཞི་རིམ་གྱི་དཀའ་གནད་སེལ་བ་དང་དོན་དངོས་བསྒྲུབས་ནས་དངོས་འཛིན་དངོས་སྒྲུབ་དཔོན་དམག་གི་སེམས་སུ་ཟུག་པར་བྱ་ཆེད། ཐོན་ཤོག་དེའི་ཏང་ཨུད་ཀྱིས་དཔོན་དམག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུས་ནས་གཟུགས་པོ་འཁྲུད་ཆས་སྒྲིག་སྦྱོར་དང་། འཐུང་ཆུའི་སྒྲིག་ཆས་སྒྲིག་སྦྱོར། ཀེག་ཁང་བཙུགས་པ་བཅས་བྱས་པ་མ་ཟད། དཔུང་སྡེས་བྱེས་ཡུལ་གྱི་སྦྱོང་བརྡར་བྱེད་པའི་གོ་སྐབས་དང་བསྟུན་ནས་ཟ་ཁང་གི་སྒྲིག་ཆས་སྒྱུར་བཀོད་དང་། “ལྟོ་ཆས་ཚད་ལྡན་དོ་དམ་ལོའི”བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་སྟེ། གཤེར་ཤེལ་བརྙན་འཕྲིན་དང་སྒྲ་སྒམ་གྱི་སྒྲིག་ཆས་ཟ་ཁང་དུ་བཀོད་སྒྲིག་བྱས་ནས་དཔོན་དམག་ཚོས་ངལ་དུབ་ཆེ་བའི་སྦྱོང་བརྡར་བྱས་རྗེས་ལུས་སེམས་ལྷོད་ལ་འབབ་ཐབས་བྱེད་ཀྱི་ཡོད་པ་རེད།

    རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ནུས་པ་ལས་དམག་འཐབ་ནུས་པ་སྐུལ་སྤེལ་ཐུབ་ལ་དང་འཐབ་འཛིང་པ་བློ་ཡིད་ཚིམ་ཚད་ཀྱིས་བློ་ཁ་ཕྱོགས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ཐོན་ཤོག་དེའི་ཏང་ཨུད་ཀྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་དཔོན་དམག་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་དངོས་ལ་བརྟེན་ནས་འཐབ་འཛིང་བ་ཚོར་དཔུང་སྡེའི་འགྱུར་ལྡོག་གསར་པ་དང་ཉམས་འགྱུར་གསར་པ་དངོས་སུ་ཚོར་དུ་བཅུག་ཡོད། ཞབས་ཞུའི་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་ལས་འཐབ་འཛིང་བ་ཚོའི་སྦྱོང་བརྡར་གྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། དཔོན་དམག་ཚོས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འབད་འབུངས་ཡར་བརྩོན་གྱི་འགན་འཁྲི་འཁུར་སེམས་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་མུ་མཐུད་ལག་ལེན་སྟར་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།