འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་སྤུས་ཚད་མཐོ་པོས་ལོ་འཁོར་གྱི་ཞིབ་དཔྱད་རྩིས་ལེན་བྱས་པ།
དམག་གྲབས་ནང་སྦྱོང་ལ་ཞིབ་དཔྱད་བྱེད་བཞིན་པ།
གློ་སྙིང་སླར་གསོར་ཞིབ་དཔྱད་བྱེད་བཞིན་པ།
རླངས་འཁོར་མྱུར་བཟོར་ཞིབ་དཔྱད་བྱེད་བཞིན་པ།
ས་བཀྲ་དབྱེ་འབྱེད་དང་བེད་སྤྱོད་ལ་ཞིབ་དཔྱད་བྱེད་བཞིན་པ།
ཉེ་ཆར་འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་2023ལོ་འཁོར་གྱི་ལོ་མཇུག་གི་ཞིབ་དཔྱད་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་པ་དང་། དེ་ནི་རྩ་འཛིན་གཞིར་བཟུང་ཕྱོགས་ཡོངས་ནས་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ཞིབ་བཤེར་དཔྱད་དཔོག་ཅིག་ཡིན་པ་མ་ཟད། མེ་ཟོན་རོགས་སྐྱོབ་རུ་མི་ཚང་མའི་འཇོན་ཐང་དང་བྱང་ཚད་ལ་ཞིབ་དཔྱད་ནན་པོ་དང་གྲུབ་འབྲས་རྩིས་བླངས་པ་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་གྱི་ཞིབ་དཔྱད་བྱེད་རིང་གཟུགས་པོའི་ནུས་རྩལ་གྱི་ཞིབ་དཔྱད་ཁོངས་སུ་སྨི་5000གི་རྒྱུག་ཤར་དང་། སྨི་200ཡི་མེ་གསོད་གེགས་དངོས་སྒྲོལ་བ། ལག་ཤུགས་ཆེ་ཆུང་ལྟ་བ། སྨི་100ཡི་རྒྱུག་ཤར་སོགས་ཀྱི་རྣམ་གྲངས་ཚུད་ཡོད། རྩལ་ནུས་ཞིབ་དཔྱད་ཀྱི་ཁོངས་སུ་ཐག་སྐྱོབ་ལག་རྩལ(ཁྲོན་པའི་རོགས་སྐྱོབ)དང་། ས་ཡོམ་རོགས་སྐྱོབ(གུ་དོག་པའི་རོགས་སྐྱོབ) ཕྱི་རོལ་ཏུ་ཁ་ལག་བཟོ་བ། མེ་གསོད་ཕྱིར་སྐྱོད་དང་དེ་བཞིན་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་རྣམ་གྲངས་ཚུད་ཡོད། ཞིབ་དཔྱད་བྱ་ཡུལ་དུ་བཀོད་འཐབ་པ་ཚོས་ཕན་འབྲས་ཆེ་བའི་འཐབ་རྩལ་དང་རྩལ་ནུས་སྤྱད་དེ་མྱུར་ཚད་མགྱོགས་ཤོས་ཀྱིས་རྩལ་ནུས་ཞིབ་དཔྱད་ཚང་མ་ལེགས་གྲུབ་བྱས་པ་དང་། སློབ་ཁྲིད་བྱེད་ཐབས་ཀྱི་ཞིབ་དཔྱད་ནང་མེ་ཟོན་པ་ཚོའི་སློབ་ཁྲིད་ཀྱི་ཆུ་ཚད་དང་རྩལ་ནུས་སློབ་ཁྲིད་ཀྱི་འཇོན་ཐང་ལ་དམིགས་སུ་བཀར་ནས་ཞིབ་དཔྱད་བྱས་པ་རེད།