དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མཛོད་ཉར་ཁུལ་གྱི་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-24

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་གྲོང་དོ་དམ་ཅུས་དང་རྫོང་འཕྲལ་སྡོམ་དོ་དམ་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁོངས་གཏོགས་ཁུལ་གྱི་མཛོད་ཉར་ཁུལ་གྱི་མེ་ཟོན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་། ཞིབ་བཤེར་ཚོགས་ཆུང་གིས་མཛོད་ཉར་ཁུལ་དུ་སྒྲིག་འགལ་ལྕགས་ཤོག་ཁང་པ་སྐྲུན་ཡོད་མེད་དང་། “མང་པོ་གཅིག་སྡུད”ཀྱི་སྣང་ཚུལ་ཡོད་མེད། མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད། འཕྲལ་སྡོམ་ཁ་འགྲེམས་དང་མེ་གསོད་སྔོན་ཇུས་འཐུས་སྒོ་ཚང་པོ་བཟོས་ཡོད་མེད། མེ་ཟོན་སྒྲིག་ཆས་དང་ཡོ་བྱད་བླང་བྱ་ལྟར་སྒྲིག་སྦྱོར་བྱས་ཡོད་མེད་དང་གོ་ཆོད་མིན། ལས་དོན་པར་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་ཡོད་མེད་སོགས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་བཤེར་ཚོགས་ཆུང་གིས་འཕྲལ་མར་མངོན་མེད་རྐྱེན་ངན་གྱི་འབྱུང་རྐྱེན་བསྟན་ནས་ཚན་པར་མངོན་མེད་རྐྱེན་ངན་གྱི་འབྱུང་གཞི་དབྱེ་ཞིབ་བྱེད་རོགས་བྱས་པ་དང་འབྲེལ་གནས་ཚུལ་དངོས་ལ་གཞིགས་ནས་ཞིབ་བཤེར་ཐུབ་པའི་གནད་དོན་རེ་རེ་བཞིན་ལ་དག་ཐེར་བྱ་ཐབས་ཞིབ་ཕྲ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།