དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གུང་གཞོན་སྡེ་ཚོགས་སྣེ་གདོང་ཆུས་ཨུད་ཀྱིས།

    སློབ་གྲྭར“ལད་ཟློས་ཁྲིམས་ར” འཛུགས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    ཉེ་ཆར། གུང་གཞོན་སྡེ་ཚོགས་སྣེ་གདོང་ཆུས་ཨུད་ཀྱིས་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ལྗོངས་མི་དམངས་ཁྲིམས་ཁང་དང་མཉམ་དུ་སྣེ་གདོང་སློབ་འབྲིང་དུ“ལད་ཟློས་ཁྲིམས་ར”འཛུགས་པའི་བྱེད་སྒོ་སྤེལ་བ་དང་། དོ་བདག་ཡིན་ཁུལ་དང་ཟུར་ཉན་བྱས་ནས་སློབ་གྲོགས་ཚོར་རྣམ་པ་གསར་རྐྱང་གི་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་ཞིག་ཁྲིད་པ་རེད།

    བྱེད་སྒོ་སྤེལ་རིང་། སློབ་མ་ཚོས“ལད་ཟློས་ཁྲིམས་རར”རྐུ་འཕྲོག་གྱོད་གཞི་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཚང་མར་ལད་མོ་བྱས་པ་རེད། སློབ་མ་ཚོས་ཁྲིམས་རའི་འདྲི་གཅོད་ཀྱི་བརྒྱུད་རིམ་ལ་ནན་པོར་གཞིགས་ནས་ཁྲིམས་རའི་འདྲི་གཅོད་བྱེད་ས་བཟོས་ཏེ། ཁྲིམས་དཔོན་གྱིས་ཁྲིམས་རར་འདྲི་གཅོད་བྱེད་པ་དང་། ཞིབ་དཔྱོད་དཔོན་དང་དག་འབུད་མཁན་ཕྱོགས་གཉིས་པོས་ངོ་ཐུག་ར་སྤྲོད་དང་རྩོད་བཤེར་བྱེད་པའི་བརྒྱུད་རིམ་ཆ་ཚང་ལ་ལད་མོ་བྱས་པ་རེད།

    སྣེ་གདོང་སློབ་འབྲིང་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་སློབ་མ་ཚོས་བཅའ་ཁྲིམས་ཤེས་བྱ་ཤེས་ནས་བཅའ་ཁྲིམས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་ཕྱིན་ཡོད་ཅེས་བཤད། སློབ་མ་ཚོས“ལད་ཟློས་ཁྲིམས་རས”ཚང་མར་བཅའ་ཁྲིམས་ཀྱི་བརྗིད་ཉམས་དང་ཁྲིམས་འཛིན་དྲང་གཞག་གི་རྣམ་པ་ཚོར་ཐུབ་པ་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཤེས་ཐུབ་པ་མ་ཟད། ཁྲིམས་འགལ་གྱི་གནོད་འཚེ་ཕོག་སྐབས་དུས་ཐོག་ཏུ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།