དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གནམ་གྲུའི་སྤ་སེ་སྒྱུར་བའམ་སློག་པར་ཁ་གཡར་ནས་ལྷ་སའི་མི་གཉིས་ལ་མགོ་སྐོར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཟླ་11ཚེས་9ཉིན་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ལྷ་ཆེ་གེ་མོར(སྒྱུར་མིང)ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར། ཕར་ཕྱོགས་ཀྱིས་མཁའ་འགྲུལ་ཀུང་སི་ཞིག་གི་མི་ཡིན་ཁུལ་གྱིས། ལྷ་ཆེ་གེ་མོ་སྡོད་སའི་གནམ་གྲུ་འཕུར་བའི་དུས་ཚོད་ལ་འགྱུར་ལྡོག་བྱུང་བས་ཡང་བསྐྱར་འགྲོ་ལུགས་གཉེར་དགོས་ལུགས་དང་། དེའི་ཐད་མཁའ་འགྲུལ་ཀུང་སིས་གྱོང་གུན་གསབ་ཆོག་ཅེས་པའི་ཁ་པར་འབྱོར། དེ་རྗེས་ལྷ་ཆེ་གེ་མོས་ཕར་ཕྱོགས་ཀྱིས་བཤད་པ་ལྟར་APPཞིག་ཁ་པར་དུ་ཕབ་པ་མ་ཟད། བརྙན་ཤེལ་མཉམ་སྤྱོད་ཀྱི་བྱེད་ནུས་ཤར་གཏོང་གིས་དངུལ་བསྒྱུར། མཐར་སྒོར་498765.13མགོ་སྐོར་ཐེབས་པ་རེད།

    ཉིན་དེ་རང་དུ་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཝང་ཆེ་གེ་མོར(སྒྱུར་མིང)ཡང་ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར་བ་དང་། ཕར་ཕྱོགས་ཀྱིས་མཁའ་འགྲུལ་ཀུང་སི་ཞིག་གི་འགྲུལ་པ་ཞབས་ཞུའི་ལས་དོན་པ་ཡིན་ལུགས་དང་། ཝང་ཆེ་གེ་མོར་བརྒྱ་ལོར་ཁ་ཤས་ཁ་གསབ་སྤྲོད་ཀྱི་ཡོད་ལུགས་བཤད། ཝང་ཆེ་གེ་མོས་ཕར་ཕྱོགས་ཀྱིས་བཤད་པ་བཞིན་ཁ་བསླུས་དང་འབྲེལ་བའི་APPཞིག་ཁ་པར་དུ་ཕབ་པ་མ་ཟད། ཕར་ཕྱོགས་ཀྱི་བཀོད་པ་བཞིན་མཉེན་ཆས་བརྒྱུད་བརྙན་ཤེལ་མཉམ་སྤྱོད་བྱས། ཁ་བསླུས་རྒྱག་མཁན་གྱིས་ཝང་ཆེ་གེ་མོ་རིམ་པས་ཁ་བསླུས་ཀྱི་རྒྱ་རྙིར་ཚུད་ཐབས་བྱས་པས་མཐར་ཝང་ཆེ་གེ་མོའི་ས་ནས་སྒོར་119682མགོ་སྐོར་ཐེབས་ཡོད།

    ཉེན་རྟོག་པས་ཁ་བསླུས་རྒྱག་པའི་གསང་བ་བརྟོལ་བ་སྟེ།

    1.ཁ་བསླུས་རྒྱག་མཁན་གྱིས་མཁའ་འགྲུལ་ཀུང་སིའི་ལས་དོན་པ་ཡིན་ཁུལ་བྱས་ནས་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད། འགྲུལ་པའི་མིང་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། གནམ་གྲུའི་ཨང་གྲངས་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱུང་རྗེས། མཁའ་འགྲུལ་ཀུང་སིའི་འགྲུལ་པ་ཞབས་ཞུ་པུའི་ཁ་པར་ཨང་གྲངས་རྫུན་མ་བཟོས་ནས་ཁ་བསླུས་རྒྱག་སར་གནམ་གྲུ་གཞན་དག་སྒྱུར་དགོས་པའམ་ཡང་ན་འཕུར་རྒྱུ་ནར་འགྱངས་བྱས་ཡོད་ལུགས་རྫུན་ཞུ་བྱས་པ་མ་ཟད། དེའི་ཐད་འབྲེལ་ཡོད་ཀྱི་ཁ་གསབ་སྤྲོད་ཀྱི་ཡོད་ལུགས་ཤོད་ཀྱི་ཡོད།

    2.གནོད་འཚེ་ཕོག་མཁན་གྱི་ཡིད་ཆེས་ཐོབ་རྗེས་ཁ་བསླུས་རྒྱག་མཁན་གྱིས“སྤ་སེ་སྒྱུར་སློག་མ་བྱས་གོང་འགན་ལེན་དངུལ་བསྡུ་བ”སོགས་རྒྱུ་མཚན་དུ་བྱས་ནས་གནོད་འཚེ་ཕོག་མཁན་ལ་སྔོན་ལ་དངུལ་ཁོངས་བསྒྱུར་ནས་དངུལ་སྤྲོད་དགོས་པའམ་ཡང་ན་གནོད་འཚེ་ཕོག་མཁན་གྱིས་བརྙན་ཤེལ་མཉམ་སྤྱོད་ཀྱི་APPཕབ་ལེན་བྱེད་དུ་བཅུག་ནས་རིམ་བཞིན་མགོ་སྐོར་གཏོང་གི་ཡོད།

    3.ཁ་བསླུས་རྒྱག་མཁན་གྱིས་གནོད་འཚེ་ཕོག་མཁན་ལ་དངུལ་རྩའི་རིགས་ཀྱི་APPཁ་ཡང་སེ་ཕྱེ་རུ་འཇུག་པ་དང་། བརྙན་ཤེལ་མཉམ་སྤྱོད་ཀྱི་བྱེད་ནུས་བརྒྱུད་གནོད་འཚེ་ཕོག་མཁན་གྱི་དངུལ་ཁང་གཱ་ཡི་རྩིས་ཁྲ་དང་བཤེར་རྟགས་སོགས་མི་སྒེར་གྱི་ཆ་འཕྲིན་ཤེས་ཐབས་བྱས་ནས་གནོད་འཚེ་ཕོག་མཁན་ལ་ཁ་བསླུས་རྒྱག་མཁན་གྱིས་མཁོ་འདོན་བྱས་པའི་རྩིས་ཁྲའི་ཐོག་དངུལ་བསྒྱུར་བར་ངན་སྐུལ་བྱེད་ཀྱི་ཡོད།

    དེའི་ཐད་ཉེན་རྟོག་པ་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། གནམ་གྲུའི་སྤ་སེ་ཉོ་སྐབས་ངེས་པར་དུ་གཞུང་ཕྱོགས་དྲ་ཚིགས་ནས་ཉོ་དགོས། འཕྲིན་ཐུང་ངམ་ཡང་ན་དུས་གཏན་གནམ་གྲུ་ཕྱིར་སློག་གམ་ཡང་ན་ནར་འགྱངས་ཀྱི་ཁ་པར་སླེབས་སྐབས་ངེས་པར་དུ་གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ཞིབ་དཔྱད་བྱེད་དགོས་པ་ལས་ཕར་ཕྱོགས་ཀྱིས་བསྐུར་བའི་འབྲེལ་ཡོད་ཀྱི་སྦྲེལ་མཐུད་ལ་ཡིད་ཆེས་བྱེད་མི་རུང་། མི་སྒེར་གྱི་ཆ་འཕྲིན་དགོས་པ་དང་། རྒྱུས་མེད་ཀྱི་རྩིས་ཁྲར་དངུལ་བསྒྱུར་བ། བརྙན་ཤེལ་མཉམ་སྤྱོད་ཀྱི་བྱེད་ནུས་ཁ་ཕྱེ་བ་སོགས་ཀྱི་རེ་བ་འདོན་སྐབས་དོགས་ཟོན་ཆེན་པོ་བྱེད་དགོས། གལ་ཏེ་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་གྱི་ཐད་སྦྲེལ་ཁ་པར་96110འབྱོར་ཚེ་ངེས་པར་དུ་ལེན་དགོས་པ་དང་། གལ་ཏེ་ཁ་བསླུས་ཐེབས་ཚེ་འཕྲལ་མར་110ལ་སྙན་སེང་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།