དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མལ་གྲོ་གུང་དཀར་རྫོང་གིས།

    མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་ལས་སྒོའི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-21

    ཟླ་11པ་ནི་མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་ཟླ་བ་རེད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་མེ་ཟོན་བདེ་འཇགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། འདི་ནི་འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་གི“མེ་ཟོན་རུ་མི་ཆུང་ཆུང”གིས་མེ་ཟོན་ཤེས་བྱའི་དྲིལ་བསྒྲགས་པར་རྒྱག་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་2023ལོའི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་དང་ཤང་དང་གྲོང་རྡལ་དང་ཁེ་ལས་ཀྱི་ཆེད་ལས་མེ་ཟོན་རུ་ཁག་དང་མེ་ཟོན་ས་ཚིགས་ཆུང་ངུའི་ལས་སྒོའི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།

    མཛད་སྒོར《མལ་གྲོ་གུང་དཀར་རྫོང་གི་2023ལོའི“119”མེ་ཟོན་དྲིལ་བསྒྲགས་བྱེད་སྒོའི་ལག་བསྟར་ཇུས་གཞི》དང་། 《མལ་གྲོ་གུང་དཀར་རྫོང་གི་2023ལོའི་ལོ་འཁོར་གྱི་ཤང་དང་གྲོང་རྡལ་དང་ཁེ་ལས་ཀྱི་ཆེད་ལས་མེ་ཟོན་རུ་ཁག་དང་མེ་ཟོན་ས་ཚིགས་ཆུང་ངུའི་ལས་སྒོའི་རྩལ་ནུས་འགྲན་བསྡུར་གྱི་ལག་བསྟར་ཇུས་གཞི》《2023ལོའི་ལོ་འཁོར་གྱི་མལ་གྲོ་གུང་དཀར་རྫོང་གི“119”མེ་ཟོན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་མལ་གྲོ་གུང་དཀར་རྫོང་གི་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་གཏན་འབེབས》བཅས་སྒྲོག་སྦྱངས་བྱས་པ་མ་ཟད། ད་དུང་གཟེངས་རྟགས་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་བྱ་དགའ་དང་ལག་ཁྱེར་ཡང་སྤྲད་པ་རེད། གཞན་ཡང་། ལས་སྒོའི་རྩལ་ནུས་འགྲན་བསྡུར་ལ་ཞུགས་མཁན་ཤན་འབྱེད་པའི་འཐུས་མི་དང་། བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་ཆེད་ལས་རུ་ཁག་གི་འཐུས་མིས་མཛད་སྒོར་གཏམ་བཤད་ཀྱང་བྱས་པ་རེད།

    ད་རེས་ཀྱི་འགྲན་བསྡུར་ལ་སྨི་100ཡི་ལྗིད་འདེཌ་རྒྱུག་ཤར་སོགས་ཁེར་རྐྱང་རྣམ་གྲངས་3དང་། པན་དང་ཚོ་ཆུང་གི་རྣམ་གྲངས་2ཡོད་པ་རེད།

    བྱེད་སྒོར་བླང་བྱ་བཏོན་དོན། རྫོང་་ཡོངས་ཀྱི་སྡེ་ཚན་ཁག་དང་ཁེ་ལས་ཁག་གི་འགྲན་ཞུགས་ཚན་པས་ལས་རིགས་ལྟ་འདོམས་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་དང་། མེ་ཟོན་བདེ་འཇཌ་དོ་དམ་དང་འགོག་ཟོན་བྱེད་ཐབས་ཤུགས་ཆེར་གཏོང་བ། མེ་སྐྱོན་ཐད་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་དག་ཐེར་བཅས་བྱས་ནས། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས། “དར་དམར་ཕྲག་ཏུ་ཁུར། ནམ་ཡང་གདོང་དམག་བྱེད”པའི་སྤྱོད་ཚུལ་དང་ངར་ཤུགས་དར་སྤེལ་བཏང་སྟེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། འབད་འཐབ་ཆེན་པོས་མདུན་དུ་སྐྱོད་པ། ཕུལ་བྱུང་ལྷུར་ལེན་བཅས་བྱས་ནས། འགྲན་བསྡུར་ཁྲོད་སྐྱོན་སྤང་དགེ་སྒྲུབ་དང་འགྲན་སློབ་སྙེག་རོགས་བཞིའི་ཁྲོད་ཆུ་ཚད་མངོན་པར་བྱས་ཏེ། དུས་རབས་གསར་པའི“བཟོ་པའི”ཉམས་འགྱུར་གང་ལེགས་མངོན་ནས། རྫོང་ཡོངས་ཀྱི་མེ་ཟོན་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བདེ་ཡོང་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།