མཚོ་འགག་ངོགས་གཉིས་ཀྱི་སྤེལ་རེས་མཉམ་འདྲེས་ཟླ་བ་དངོས་སུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། “ངོགས་གཉིས་མཉམ་འདྲེས་བྱས་ནས་འབྱུང་འགྱུར་མཉམ་དུ་གཏོད”བརྗོད་དོན་གཙོ་བོར་བྱས་པའི་མཚོ་འགག་ངོཌ་གཉིས་ཀྱི་སྤེལ་རེས་མཉམ་འདྲེས་ཟླ་བ་འགོ་ཚུགས་པའི་མཛད་སྒོ་ཧྲེན་ཀྲེན་དུ་འཚོགས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཐའེ་དབན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཕན་ཞན་ཀྲང་གིས་ཤིས་ཚིག་སྒྲོན་སྐབས་བསྟན་དོན། ད་ཐེངས་ཀྱི་བྱེད་སྒོར་སྤུན་ཟླ་ཐའེ་དབན་བ་སྟོང་ཕྲག་མང་པོ་ཧུར་ཐག་ཞུགས་པ་ལས་ཞི་བདེ་གཏོད་དགོས་པ་དང་། འཕེལ་རྒྱས་གཏོང་དགོས་པ། སྤེལ་རེས་བྱེད་དགོས་པ། མཉམ་ལས་བྱེད་དགོས་པ་བཅས་ནི་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བའི་ཐུན་མོང་གི་བསམ་འདུན་ཡིན་པ་སླར་ཡང་མངོན་ཡོད། ང་ཚོས་སྔར་རྒྱུན་བཞིན་སྤུན་ཟླ་ཐའེ་དབན་བར་བརྩི་འཇོག་དང་། སེམས་འཁུར། བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ་ངོགས་གཉིས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་དང་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་བཏང་ནས་ཐའེ་དབན་གྱི་གཞོན་ནུ་སྐམ་ས་ཆེན་པོར་སྤེལ་རེས་དང་། སློབ་སྦྱོང་། ལས་ཞུགས། ལས་གཏོད་བཅས་བྱེད་པར་ཆ་རྐྱེན་དེ་བས་ཡག་པ་རྒྱུན་ཆད་མེད་པར་བསྐྲུན་ནས་གོ་སྐབས་དང་རོགས་རམ་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡིན། ངོགས་གཉིས་ཀྱི་སྤུན་ཟླས་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་གྱིས“གོ་གཉིས་གཅིག་མཐུན་ངོས་འཛིན”མཐའ་འཁྱོངས་དང་། “ཐའེ་དབན་རང་བཙན”ལ་མཐའ་གཅིག་ཏུ་ངོ་རྒོལ། ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་བ། ངོགས་གཉིས་ཀྱི་འབྲེལ་བའི་ཞི་བདེ་འཕེལ་རྒྱས་ལམ་གྱི་འགོག་རྐྱེན་སེལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འབར་བའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།